བུད་མེད་དཔའ་བོ་རིམས་འགོག་འཐབ་སར་ཞུགས།

F202003090942585516704352.jpeg

 རིམས་འགོག་གི་འཐབ་ས་མདུན་ཤོས་ཀྱི“གནམ་ཕྱེད་ཀ་འདེགས་མཁན”ཚོར་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་སླེབས་སྐབས་འཐབ་ས་ཁག་གི་བུད་མེད་སྤུན་ཟླ་ཚོས་འཐབ་རྩོད་ཀྱི་རྣམ་པའི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁྲོད་ནུས་ཤུགས་ཡོད་རྒུ་་འདོན་བཞིན་ཡོད། ཧུའུ་པེར། བུད་མེད་སྨན་དོན་པ་ཁྲི་བཅུ་གྲངས་ཁ་ཤས་ཀྱིས་རིམས་འགོག་བྱེད་འགོ་ཚུགས་མ་ཐག་འཕྲལ་མར་སྐྱོབ་བཅོས་ཀྱི་འཐབ་ས་དང་པོར་བསྐྱོད་དེ་དུས་ཚོད་དམ་འཛིན་གྱིས་ནད་དུག་སེལ་ཐུབ་པ་བྱས་ཡོད། རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དུ་རྒྱ་ཆེའི་བུད་མེད་སྨན་པ་དང་ནད་སྐྱོང་པ་ཚོས“གོས་དཀར་འཐབ་འཛིང་པའི”གཙོ་རྐང་སྟོབས་ཤུགས་ཆགས་པ་བྱས་ཏེ་ནད་སྐྱོང་ཚོགས་པ་མང་པོའི་ཁྲོད་བུད་མེད་ནད་སྐྱོང་པ་90%ལས་བརྒལ་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་ཁག་ཏུ་སྡེ་ཁུལ་གྱི་བུད་མེད་ལས་དོན་པ་དང་། བུད་མེད་མི་དམངས་ཉེན་རྟོག་པ། བུད་མེད་ཏང་ཡོན་ལས་བྱེད་པ་སོགས་བུད་མེད་དཔའ་བོ་ཚོས་གཅིག་རྗེས་གཉིས་མཐུད་ངང་དཔའ་ངར་ཆེར་བསྐྱེད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི“གནམ་ཕྱེད་ཀ”བཏེགས་ཡོད། འདི་ནི་ཝུའུ་ཧན་ལེ་ཧྲེན་ཧྲན་སྨན་ཁང་གི་གསོ་རིག་བརྟག་བཤེར་ཚན་ཁག་གི་སྡོད་བྱའི་མི་སྣའི་མཉམ་ཞུགས་འདྲ་པར་ཡིན་པ།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།