ཀྲུང་གོ་བོད་ཀྱི་དྲ་བ།

ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས། 《རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དཀའ་ངལ་ཡོད་པའི་མང་ཚོཌ་ཀྱི་ཐ་སྐྱོང་འགན་སྲུང་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3ཚེས6ཉིན། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས《རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐ་སྐྱོང་འགན་སྲུང་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

《བརྡ་ཐོའི》ནང་བསྟན་དོན། ཐ་སྐྱོང་འགན་སྲུང་ལས་དོན་ཏན་ཏིག་བསྒྲུབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་མང་ཚོགས་ཁག་གཅིག་ལ་འཕྲད་པའི་ཐོལ་བྱུང་རང་བཞིན་དང་། དགོས་གཏུགས་རང་བཞིན། གནས་སྐབས་རང་བཞིན་བཅས་ཀྱི་འཚོ་བའི་དཀའ་ངལ་དང་དེ་བཞིན་དམིགས་བསལ་དཀའ་ངལ་ཡོད་པར་གཞི་རྩའི་ལྟ་རྟོག་ཞབས་ཞུའི་དགོས་མཁོ་སྔར་བས་ཐག་གཅོད་ཡག་པོ་བྱེད་པ་དང་སྤྱི་ཚོགས་བདེ་འཇགས་ཀྱི་དྲ་བ་དམ་དུ་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

《བརྡ་ཐོའི》ནང་བཏོན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་ཡག་པོ་བྱེད་དགོས་ཤིང་། གཅིག་ནས་འགན་སྲུང་བྱེད་དགོས་རིགས་ལ་འགན་སྲུང་བྱས་ནས་འགན་སྲུང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། རོགས་སྐྱོབ་དངུལ་དང་སྤྱི་ཚོགས་ཕན་བདེའི་ཁ་གསབ་སྣ་ཚོགས་དུས་ཐོག་དང་གྲངས་ཚང་ངང་སྤྲོད་དགོས། རིམས་ནད་དབང་གིས་ཕྱིར་ལས་ཀ་དང་། གཉེར་སྐྱོང་། ལས་ཞུགས་བཅས་མི་ཐུབ་པར་ཡོང་འབབ་ཆག་སྟེ་གཞི་རྩའི་འཚོ་བར་དཀའ་ངལ་ཡོད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཆ་རྐྱེན་དང་མཐུན་ན་མ་མཐའི་འཚོ་བ་འགན་ལེན་གྱི་ཁོངས་སུ་བཅུག་དགོས། གཉིས་ནས་རིན་གོང་གི་གནས་སྐབས་ཁ་གསབ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་དགོས། ཆ་རྐྱེན་ཡོད་པའི་ས་ཆར་ཁ་གསབ་ཀྱི་ཚད་གཞི་འོས་འཚམ་སྒོ་ནས་མཐོ་རུ་གཏོང་དགོས། གསུམ་ནས་དཀའ་ངལ་ཡོད་པའི་མི་འབོར་ལ་རོགས་སྐྱོབ་དང་རོགས་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་དགོས། རིམས་ནད་དབང་གིས་དབུལ་པོར་འགྱུར་བ་དང་རང་ལོག་ཐེབས་མཁན་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་དུས་ཐོག་ཏུ་སྤྱི་ཚོགས་རོགས་སྐྱོབ་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། བཞི་ནས་ཏོག་གསར་གློ་ཚད་ཀྱི་ནད་གཞི་ཕོག་མཁན་དང་དེ་བཞིན་ཤུགས་རྐྱེན་ཕོག་པའི་ཁྱིམ་ཚང་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། གཏན་འཁེལ་བྱུང་བའི་ནད་དཔེའི་ཁྲོད་ཀྱི་རོགས་སྐྱོབ་བྱ་ཡུལ་དང་དེ་བཞིན་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་གཏན་འབེབས་གཞིར་བཟུང་། གནས་སྐབས་ཀྱི་རོགས་སྐྱོབ་དུས་ཐོག་ཏུ་བྱས་ནས་དོན་རེར་གྲོས་རེ་བྱས་ཏེ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྱིམ་ཚང་གི་ཁོངས་མི་ལོགས་འཇོག་བྱས་ནས་སྨན་བཅོས་དབང་གིས་གཞི་རྩའི་འཚོ་བར་གནས་སྐབས་དཀའ་ངལ་འཕྲད་པའི་ཁྱིམ་ཚང་ལ་ས་གནས་དེ་གའི་ཁྲོམ་གཞུང(ཤང་དང་གྲོང་རྡལ)དང་རྫོང་རིམ་པའི་དམངས་སྲིད་སྡེ་ཚན་གྱིས་གནས་སྐབས་རོགས་སྐྱོབ་བྱེད་དགོས། འཚོ་བར་དཀའ་ངལ་ཡོད་པའི་ནད་པ་དང་དེ་བཞིན་དེའི་ཁྱིམ་ཚང་གཏན་འབེབས་གཞིར་བཟུང་དུས་ཐོག་ཏུ་མ་མཐའི་འཚོ་བ་འགན་ལེན་དང་དམིགས་བསལ་འཚོ་སྐྱོང་བྱ་ཡུལ་དུ་བརྩིས་ནས་གནས་སྐབས་ཀྱི་རོགས་སྐྱོབ་བྱེད་དགོས་པ་དང་། དེའི་གྲས་སུ་མི་སྣ་གྲོངས་པའི་ཁྱིམ་ཚང་ལ་གནས་སྐབས་ཀྱི་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།

《བརྡ་ཐོའི》ནང་ནན་བཤད་བྱས་དོན། འགྲིམ་འགྲུལ་དོ་དམ་ཚོད་འཛིན་སོགས་ཀྱི་རྐྱེན་པས་གནས་སྐབས་ལུས་པ་དང་གཞི་རྩའི་འཚོ་བར་གནས་སྐབས་ཀྱི་དཀའ་ངལ་འཕྲད་པའི་ཕྱོགས་མིར་དགོས་མཁོར་གཞིགས་ནས་གནས་སྐབས་ཞག་སྡོད་དང་། བཟའ་བཏུང་། གྲང་འགོག་གྱོན་གོས་སོགས་ཀྱི་རོགས་སྐྱོབ་བྱེད་དགོས། རིམས་ནད་དབང་གིས་ཤུགས་རྐྱེན་ཐེབས་ནས་གཞི་རྩའི་འཚོ་བར་གནས་སྐབས་ཀྱི་དཀའ་ངལ་འཕྲད་པའི་ཕྱི་ཕྱོགས་ནས་ཡོང་བའི་ཞིང་པ་ལས་མིར་གཏན་འབེབས་གཞིར་བཟུང་གནས་སྐབས་ཀྱི་རོགས་སྐྱོབ་བྱེད་དགོས།

《བརྡ་ཐོའི》ནང་བླང་བྱ་བཏོན་དོན། དམིགས་བསལ་དཀའ་ངལ་ཡོད་མཁན་ལ་གཞི་རྩའི་ལྟ་རྟོག་ཞབས་ཞུའི་དགོས་མཁོ་འགན་ལེན་ཡག་པོ་བྱེད་དགོས། ལོགས་འཇོག་བྱས་ནས་སྨན་བཅོས་བྱེད་མཁན་གྱིས་རྒྱུན་དུ་ལྟ་སྐྱོང་དང་ལྟ་རྟོག་བྱེད་པའི་རང་མགོ་མི་ཐོན་པའི་རྒན་རྒོན་དང་། དབང་པོ་སྐྱོན་ཅན། ན་སོ་དར་ལ་མ་བབས་པའི་མི་བཅས་ལ་ལྟ་རྟོག་འོས་འཚམ་བྱེད་དགོས་པ་དང་། ཁོང་ཚོ་གནས་སའི་སྡེ་ཁུལ(གྲོང་ཚོ)གྱིས་དུས་ཐོག་ཏུ་སྒོ་རྩར་ཐུག་འཕྲད་བྱེད་པར་འགྲོ་བ་དང་། འབྲེལ་ཡོད་མི་སྣའམ་ཡང་ན་སྒྲིག་གཞིར་ལྟ་སྐྱོང་དང་ལྟ་རྟོག་བྱེད་རྒྱུའི་བཀོད་སྒྲིག་བྱེད་དགོས།

《བརྡ་ཐོའི》ནང་ནན་བཤད་བྱས་དོན། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཞུ་ཡུལ་ཡོད་པ་དང་དུས་ཐོག་ཏུ་རོགས་སྐྱོབ་བྱེད་དགོས། རོགས་སྐྱོབ་རེ་ཞུའི་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་དུས་ཐོག་ཏུ་དང་ལེན་དང་ལན་སློག་དགོས། སྤྱི་ཚོགས་རོགས་སྐྱོབ་ཀྱི་ལས་རིམ་ཚང་མ་དྲ་ཐོག་ནས་གཉེར་རྒྱུ་ཁྱབ་གདལ་ཧུར་ཐག་བཏང་སྟེ་ལས་དོན་སྒྲུབ་པའི་མྱུར་ཚད་མགྱོགས་སུ་གཏོང་དགོས

《བརྡ་ཐོའི》ནང་ཁ་གསལ་བཏོན་དོན། ས་གནས་ཁག་གིས་མངའ་ཁོངས་ས་ཆའི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས། 《དམངས་སྲིད་ཞབས་ཞུའི་སྒྲིག་གཞིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏོག་གསར་གློ་ཚད་རིམས་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་བརྡ་ཐོ》དང་བརྡ་ཐོ་འདིའི་བླང་བྱ་གཞིར་བཟུང་། མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་སྔར་བས་གཏིང་ཟབ་དང་། ཞིབ་ཚགས་སུ། དངོས་ཡོད་ཅན་དུ་གཏོང་བ། ལག་བསྟར་དོན་འཁྱོལ་ལ་མཐའ་གཅིག་ཏུ་དམ་འཛིན་ཡག་པོ་བཅས་བྱས་ཏེ་གཙོ་གནད་ཚན་པ་དང་། གཙོ་གནད་ལས་ཡུལ། གཙོ་གནད་མི་ཚོགས་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དམངས་འཚོ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།