ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་དངོས་སྐྱེལ་ཁེ་ལས་མཁའ་འགྲུལ་བགོས་སྐྱེལ་ལྟེ་གནས་སུ་རྟོག་ཞིབ་མཛད།

ཡོང་ཁུངས། : བོད་ལྗོངས་གསར་འགྱུར་དྲ་བ།     སྤེལ་དུས། : 2020-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

87228783eeee270003aa8a9926507901.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི།ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ཟློག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཧྲུན་ཧྥིན་ཧྭ་པེ་མཁའ་འགྲུལ་བགོས་སྐྱེལ་ལྟེ་གནས་སུ་ཕེབས་ནས་རྟོག་ཞིབ་མཛད།འདི་ནི་ལིས་ཁི་ཆང་གནམ་གྲུ་འབབ་སར་ཕེབས་ནས།ལུས་དྲོད་བརྟག་ཆས་བཀོལ་བའི་གནས་ཚུལ་ལ་གཟིགས་ཞིབ་མཛད་པའི་ཚུལ་རེད།

ཟླ་གསུམ་པའི་ཚེས་དྲུག་ཉིན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི།ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ཟློག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཧྲུན་ཧྥིན་ཧྭ་པེ་མཁའ་འགྲུལ་བགོས་སྐྱེལ་ལྟེ་གནས་སུ་ཕེབས་ནས་རྟོག་ཞིབ་མཛད།ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་ཏེ།ཀྲུང་དབྱང་གློ་ཚད་རིམས་ཟློག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར།མཁའ་འགྲུལ་སྐྱེལ་འདྲེན་གྱི་རིམས་ནད་འགོག་སྡོམ་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས།རིམས་ནད་རྒྱལ་ཁོངས་བརྒལ་ནས་འགོས་ཁྱབ་འབྱུང་བར་ནུས་ལྡན་གྱིས་འགོག་ཟོན་བྱེད་པ་དང་།རྒྱལ་སྤྱི་དང་རྒྱལ་ནང་གི་དངོས་ཟོག་སྐྱེལ་འདྲེན་གེགས་མེད་དུ་བྱས་ནས།རིམས་ནད་འགོག་རྒོལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་རྒྱབ་རྟེན་སྔར་ལས་བཟང་བོ་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

གནམ་གྲུ་ཐང་གི་འཁོར་སྐྱོད་ཚོད་འཛིན་ལྟེ་གནས་ནས།ལིས་ཁི་ཆང་གིས་རིམས་ནད་བྱུང་རྗེས་ཀྱི་རྒྱལ་ཡོངས་ཀྱི་གནམ་གྲུ་འཁོར་སྐྱོད་དང་མི་སྣའི་ཕྱི་འགྲོ་ནང་ཡོང་།དངོས་རྫས་ཕར་སྐྱེལ་ཚུར་སྐྱེལ་སོགས་ཀྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན་ནས།དམངས་སྤྱོད་མཁའ་འགྲུལ་མ་ལག་གིས་སྨན་བཅོས་མི་སྣ་དང་རིམས་འགོག་དངོས་ཟོག་གི་སྐྱེལ་འདྲེན་ལ་འགན་སྲུང་བྱས་པ་དང་།ཞིང་བ་ལས་ཀ་བ་སོགས་ཕྱིར་ལས་གནས་སྟེང་བསྐྱལ་བར་གཟེངས་བསྟོད་མཛད།ལིས་ཁི་ཆང་གིས་བསྟན་དོན།ཉེ་ལམ་ཏོག་གསར་གློ་ཚད་རིམས་ནད་ཕྱི་རྒྱལ་ནས་མྱུར་དུ་མཆེད་པའི་སྣང་ཚུལ་མངོན་འདུག་ལ།རིམས་ནད་ཟློག་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཐུན་མོང་གི་འགྲན་རྩོད་ཡིན་པས།རྒྱལ་སྤྱིའི་རྩ་འཛུགས་དང་།འབྲེལ་ཡོད་རྒྱལ་ཁབ་དང་ས་གནས་བཅས་བར་གྱི་རིམས་ནད་འགོག་སྡོམ་མཉམ་ལས་ལ་ཤུགས་སྣོན་དགོས་པ་དང་།ལྷག་པར་དུ་མཁའ་འགྲུལ་སྐྱེལ་འདྲེན་གྱི་འགོག་སྡོམ་མཉམ་ལས་ལ་ཤུགས་བསྣན་ནས།འགོག་སྡོམ་བྱེད་ཐབས་སྤྱད་དེ་ནད་ཕྱི་ནང་དུ་མཆེད་པར་འགོག་དགོས་པ་དང་། མི་སྣའི་འགྲོ་འོང་ལ་གོ་རིམ་ལྡན་ཞིང་བདེ་འཇགས་ཡིན་པར་ཁག་ཐེག་བྱེད་དགོས།འདི་ནི་འགྲུལ་བ་ཚང་མར་འགན་ཁུར་བ་ཡིན་ལ།རྒྱལ་ཁབ་སོ་སོའི་མི་དམངས་ལ་འགན་ཁུར་བ་ཡང་ཡིན།འདིས་རྒྱལ་སྤྱིའི་མཉམ་ལས་ལ་འགན་ཁུར་བའི་རྣམ་འགྱུར་མཚོན་ཡོད།

ལིས་ཁི་ཆང་གནམ་གྲུ་འབབ་སར་ཕེབས་ནས།ལུས་དྲོད་བརྟག་ཆས་བཀོལ་སྤྱོད་ཀྱི་གནས་ཚུལ་ལ་གཟིགས་པར་མ་ཟད།ལས་དོན་པ་དང་གླེང་མོལ་མཛད།ལིས་ཁི་ཆང་གིས་མཁའ་འགྲུལ་སྐྱེལ་འདྲེན་ཐད་མི་སྣ་འདུ་ཚད་མཐོ་བ་དང་།ཁྱོད་ཚོ་རིམས་འགོག་གི་གཡུལ་ས་རུ་ཡོད་པས།འབྲེལ་ཡོད་འགོག་སྡོམ་བྱ་བ་དོན་འཁྱོལ་བྱས་ཏེ།རིམས་ནད་འགོས་ཁྱབ་ཀྱི་མཁའ་འགྲུལ་འགག་སྒོ་བརྟན་སྲུང་བྱེད་དགོས་ཞེས་གསུངས།

ཧྲུན་ཧྥིན་ཧྭ་པེ་མཁའ་འགྲུལ་བགོས་སྐྱེལ་ལྟེ་གནས་ནས།མཐུན་གཉེར་ཁང་གི་འགན་ཁུར་བས་ལིས་ཁི་ཆང་ལ་བྱ་བ་ཡར་ཞུ་བྱས་པར་མ་ཟད་རིམས་ནད་ཀྱི་གནོད་པ་ཐེབས་པས་ཁེ་ལས་ཀྱི་འགྲོ་སོང་ཇེ་མཐོར་སོང་བའི་གནས་ཚུལ་ཡར་ཞུ་བྱས།ལིས་ཁི་ཆང་གིས་ཁེ་ལས་ཀྱིས་ཉེ་སྔོན་རྒྱལ་ཁབ་ཀྱིས་བཏོན་པའི་དཔྱ་ཁྲལ་ཆག་ཡང་དང་མེད་པར་གཏོང་བ་དང་།དངུལ་རྩའི་རྒྱབ་སྐྱོར་སོགས་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་ཡོད་མེད་ཀྱི་གནས་ཚུལ་དྲིས་པར་མ་ཟད།འབྲེལ་ཡོད་སྡེ་ཁག་གིས་རང་འགུལ་གྱིས་ཞབས་ཞུ་ལ་ཤུགས་སྣོན་པ་དང་།རྒྱལ་གཉེར་དང་དམངས་གཉེར་སོགས་ཁེ་ལས་སྣ་ཚོགས་ལ་ལྟ་སྟངས་གཅིག་འདྲ་བཟུང་སྟེ།སྲིད་ཇུས་མྱུར་དུ་དོན་འཁྱོལ་བྱེད་དགོས་པའི་ཐུགས་རེ་བཏོན།ཁོང་གིས་གསུངས་རྒྱུར།དངོས་སྐྱེལ་མུ་ཁྱུད་ནི་ཐོན་ལས་མུ་ཁྱུད་དང་འདོན་སྤྲོད་མུ་ཁྱུད་ལ་འབྲེལ་ཡོད།དེང་སྐབས་ལས་ཐོན་སླར་གསོར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད་པས།དངོས་སྐྱེལ་ནི་རྨང་གཞི་གལ་ཆེན་ཡིན།ཐོན་ལས་མུ་ཁྱུད་གེགས་མེད་མཉམ་སྦྲེལ་དང་མང་ཚོགས་ཀྱི་འཚོ་བའི་ཅ་ལག་གཏན་འཇགས་ཀྱིས་མཁོ་འདོན་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་མཉམ་དུ།རྒྱལ་སྤྱིའི་དངོས་སྐྱེལ་གནམ་གྲུ་གཏོང་བ་དང་།རྒྱལ་སྤྱིའི་དངོས་ཟོག་མྱུར་སྐྱེལ་གྱི་མ་ལག་མྱུར་དུ་གོང་འཕེལ་དུ་བཏང་སྟེ།དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་དང་མི་དམངས་ཀྱི་འཚོ་བའི་དགོས་མཁོ་བསྐོང་བར་མྱུར་ཞིང་བདེ་ལ་གཏན་འཇགས་ཡིན་པའི་དངོས་སྐྱེལ་གྱི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས་ཟེར།

མྱུར་སྐྱེལ་མི་སྣ་དང་གསུང་གླེང་མཛད་སྐབས།ལིས་ཁི་ཆང་གིས་གསུངས་རྒྱུར།ཁྱོད་ཚོ་ནི་རིམས་ནད་འབྱུང་སྐབས་ཀྱི་ལྡོག་སྐྱོད་པ་ཡིན་ལ་སྤྱིར་བཏང་གི་འཚོ་བའི་ཁྲོད་ནས་ཁྱོད་ཚོའི་སྤྱིར་བཏང་མིན་པའི་རང་གཤིས་མཚོན་ཡོད།ཁྱོད་ཚོས་སྲང་ལམ་ཆེ་ཆུང་ཀུན་ཏུ་མི་དམངས་མང་ཚོགས་ལ་བསྐྱལ་བ་ནི་འཚོ་བའི་ཅ་ལག་ཁོ་ན་མིན་པར།མི་ཡུལ་གྱི་དྲོད་ཁོལ་ཡིན་ཟེར།ཁོང་གིས་འབྲེལ་ཡོད་ཕྱོགས་ཀྱིས་མྱུར་སྐྱེལ་ལས་རིགས་ཀྱི་ཁ་ཐུམ་སོགས་འགོག་སྲུང་དངོས་རྫས་ཀྱི་དགོས་མཁོར་འགན་སྲུང་བཟང་བོ་བྱེད་དགོས་པའི་ཐུགས་རེ་བཏོན་པ་དང་།ཚང་མས་རང་གི་འགོག་སྲུང་བཟང་བོར་བསྒྲུབ་དགོས་པའི་མངགས་བཅོལ་གནང་།

ལིའུ་ཧི་དང་ཞའོ་ཅེ།དབྱང་ཁྲོན་ཐང་བཅས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།