ཀྲུང་གོ་བོད་ཀྱི་དྲ་བ།

རིམས་འགོག་འོག་གི“སྤྲིན་སྟེགས་འཚོ་བ།”

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8446d21bbd064434ad789db04cf721ec.jpg

ཟླ2ཚེས26ཉིན། ནན་ཅིང་གྲོང་ཁྱེར་སྨན་ཁང་དང་པོའི་སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག་གི་སྨན་པ་ཀྲང་ཧང་དང་ཁོང་གི་ལས་རོགས་ཚོས་ནད་པར་དྲ་རྒྱའི་ཐོག་བརྟག་དཔྱད་བྱས་པ་རེད། ཉེ་ཆར་ཏོག་གསར་གློ་ཚད་ལ་དམིགས་ཏེ་ནན་ཅིང་གྲོང་ཁྱེར་གྱི་སྨན་ཁང་དང་པོའི་དྲ་སྦྲེལ་སྨན་ཁང་གིས་ཚ་རྒྱས་བློ་འདྲི་དང་། སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག འཇུ་བྱེད་ཁོག་ནད་ཚན་ཁག དབུགས་འབྱིན་རྔུབ་ཁོག་ནད་ཚན་ཁག ནང་ཟགས་ཚན་ཁག ཕྱི་ནད་དཀྱུས་མ་སོགས་ཚན་ཁག26གི་དྲ་རྒྱའི་ཐོག་བརྟག་དཔྱད་བྱས་པ་དང་། ཆེད་མཁས་པ157གྱིས་རིན་མེད་ངང་ནད་པར་དྲ་ཐོག་ནས་ཐོག་མའི་བརྟག་བཅོས་བྱས་ནས་རིམས་ནད་ཕོག་མཁན་ཇེ་ཉུང་དང་ནད་པར་བསྐྱར་དུ་སྨན་བཅོས་བྱེད་ཐེངས་ཉུང་དུ་བཏང་སྟེ་ནུས་ལྡན་གྱིས་འགོ་ནད་སྤེལ་མའི་ཉེན་ཁ་ཆུང་དུ་བཏང་བ་རེད།

00f4c5debdab4f68a30c826f0f67066a.jpg

ཟླ2ཚེས24ཉིན། སྨན་པསVRསྒྲིག་ཆས་སྤྱད་དེ་ནད་ཁང་ཞིབ་བཤེར་བྱས་པ་རེད། ཉིན་དེར་ཡུན་ནན་ཞིང་ཆེན་གྱི5G+VRཡི་ཟུར་འཇོག་ལྟ་ཞིབ་མ་ལག་ཐོག་མ་ཁུན་མིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོར་སྤྱོད་འགོ་ཚུགས་ནས་ལོགས་སུ་བཀར་པའི་དོགས་ཡོད་ནད་པ་དང་གཉེན་ཉེར་འབྲེལ་གཏུག་མཉམ་འགུལ་གྱི5Gསྦྲེལ་ལམ་བཏོད་པ་རེད། 

ba4606a9f755471b932ff1ec28454dfa.jpg

ཟླ3ཚེས1ཉིན། ཧྲང་ཧའེ་གཞོན་ནུའི་ཁ་ཤགས་དང་མགྱོགས་པང་འཁྲབ་སྟོན་པ་ཀྲའོ་སུང་ཐའོ་ཡིས་ཁྱིམ་དུ་དྲ་རྒྱའི་ཐད་གཏོང་སྤྱི་ཕན་འཆད་འཁྲིདཀྲུང་གོའི་ཁ་ཤགསཅེས་པ་ཐད་གཏོང་བྱས་པ་རེད། ཁོང་གིས་ཟླ3ཚེས1ཉིན་ནས་ཚེས7ཉིན་བར་ཉིན7ལ་བསྟུད་མར་འདར་དབྱངས་དང་། པོད་ཕྲན། Bཚིགས་བཅས་ཀྱི་དྲ་རྒྱའི་ཐད་གཏོང་ལས་སྟེགས་སྤྱད་དེ་མང་ཚོགས་ལ་དྲ་རྒྱའི་ཐད་གཏོང་བྱས་པ་རེད།

676f75af35184269a4250673b7e19614.jpg

ཟླ2ཚེས27ཉིན། ཀོ་ཧྭ་ཡིའུ་སྐུད་ཡོད་ཀུང་སིའི་ནང་གི་ལས་སྒོའི་འགྲེམས་སྟོན་ཚོམས་ཆེན་གྱི་བརྙན་ཤེལ་ཆེན་པོས་ཆིང་ཧྭ་ཡི་ཞོར་གཏོགས་སློབ་འབྲིང་ཁྲའོ་དབྱང་སློབ་གྲྭའི་མཐོ་རིམ་དགེ་རྒན་ཀྲོའུ་ཤིན་གྱིས་ཕབ་བཟོ་བྱས་པའི“དགེ་རྒན་གྲགས་ཅན་གྱིས་གསུང་རྩོམ་གྲགས་ཅན་གླེང་བའི”སློབ་ཚན་སྟོན་བཞིན་པ།

674199399ca04fe09076bf56115b2de7.jpg

ཟླ3ཚེས2ཉིན་གྱི་དགོང་མོ། ཀོང་ཀྲོའུ་གྲོང་ཁྱེར་ཙེང་ཁྲེང་ཁུལ་ལི་ཅང་སློབ་ཆུང་གི་སློབ་མ་དང་ནང་མིས་ཁྱིམ་བདག་ཚོགས་འདུའི་ཐད་གཏོང་ལ་ལྟ་བཞིན་པ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་ཀོང་ཀྲོའུ་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གིས་ཟླ3ཚེས2ཉིན་ནས་བཟུང་དྲ་ཐོག་སློབ་ཁྲིད་སྤེལ་བ་དང་། སློབ་གྲྭ་དེས་ཀོང་ཀྲོའུ་གྲོང་ཁྱེར་གྱི་དྲ་ཐོག་སློབ་ཁང་གི་སློབ་སྦྱོང་དང་དུས་མཉམ་ཡོང་ཆེད། ཚན་རིག་དང་མཐུན་པའི་ངང་ཁྱིམ་བདག་གི་དུས་ཚོད་སྤྱི་འདོམས་དང་ཕྲུ་གུའི་དྲ་ཐོག་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་ཐད་དྲ་ཐོག་ཐད་གཏོང་གི་ཁྱིམ་བདག་ཚོགས་འདུ་འཚོགས་པ།

ba3aa3064a834804b6b70b24603f55d4.jpg

ཟླ3ཚེས1ཉིན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་དྲ་ཐོག་སློབ་ཁྲིད་ཀྱི“སློབ་ཚན་དང་པོ”དངོས་སུ་གཏོང་འགོ་ཚུགས་པ་དང་གོ་ལ་ཧྲིལ་པོའི་རྒྱལ་ཁབ100ལྷག་ཙམ་ནས་ཡོང་བའི་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་སློབ་ཁྲི5ལྷག་ཙམ“སྤྲིན་སྟེགས”སུ་འཛོམས་ནས་དྲ་རྒྱའི་ཐད་གཏོང་གི་རྣམ་པའི་ཐོག་ནས་2020ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པ་རེད།

5d5fabca2add461b9ecb4f9eb477b9c4.jpg

ཟླ3ཚེས1ཉིན། འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལར་ཆེས་ཐོག་མར་ཐད་གཏོང་བྱེད་འགོ་ཚུགས། འཛམ་གླིང་ས་གནས་ཁག་གི་དྲ་གྲོགས་ལ་ཕོ་བྲང་པོ་ཏ་ལའི་བརྗིད་ཉམས་ངོམ་ཡོད་པ་རེད། འདི་ནི་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་ལས་དོན་མི་སྣས་ཐད་གཏོང་མ་བྱས་གོང་གྲ་སྒྲིག་བྱེད་བཞིན་པ།

df7278af0d284881a18ea58ccc67c1a4.jpg

རིམས་ནད་ཀྱི་མདུན་དུ་ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་ལུང་ཧའེ་ཧྲོང་ཏིའི་ཕྱིར་སྡོད་རང་མིའི་ཞིང་རས་ཐབས་མང་མཉམ་སྤྱོད་ཀྱིས་མགྱོགས་མྱུར་གྱིས་ལས་འགོ་བསྐྱར་ཚུགས་བྱས་ནས་ཁེ་ལས་ཀྱི་རིམས་འགོག་ཚོད་འཛིན་ཐད་གསལ་ཐོ་རྣམ་པའི་དོ་དམ་བྱས་ཡོད། ཟླ3ཚེས1ཉིན་བར། ཞིང་རའི་ནང་གི་ཁེ་ལས17ལས་ཞུགས་བྱས་པ་དང་། ལས་ཚུགས་སླར་གསོ་བྱས་པའི་མི་གྲངས་ཁྱོན318ཡོད་པ་རེད། གྲོང་གསེབ་པའི་ལྡུམ་རའི་ལག་རྩལ་ཚད་ཡོད་ཀུང་སི་ནི་ཞིང་ར་དེའི་ཁྲོད་ཅུང་སྔ་ཙམ་ལས་འགོ་བསྐྱར་ཚུགས་བྱས་པའི་ཁེ་ལས་ཤིག་རེད།

89191beb3eac42599aa4e7843207142e.jpg

ཟླ3ཚེས1ཉིན། ཨན་ཧུའེ་ཧོ་ཧྥེ་ཡུས་ཧྭ་ཆའོ་གཞིས་ཁུལ་དུ་ཁྲའོ་ཧུའུ་ལམ་སློབ་ཆུང་ནས་ཡིན་པའི་ཧོང་མའེ་ཟློས་གར་གྱི་དགེ་རྒན་ཝང་ཝུན་དབྱིང་གིས་སློབ་ཁང་དུ་ཐད་གཏོང་ཚོད་ལྟ་དང་སློབ་ཁྲིད་གྲ་སྒྲིག་བྱེད་བཞིན་པ།

64171208e9f94c1e89e36699fb685c3c.jpg

ཟླ3ཚེས2ཉིན། ཧྲན་ཤིས་ཐའེ་ཡོན་གྱི་ལག་ཐོགས་ཁ་པར་འཚོང་ཡུལ་ཞིག་ཏུ་ལས་དོན་མི་སྣས་དྲ་ཐོག་ནས་ཐད་གཏོང་གི་རྣམ་པས་ལག་ཐོགས་ཁ་པར་ཕྱིར་ཚོང་བྱས་པ་དང་ཉིན་རེར་ཆ་སྙོམས་ལག་ཐོགས་ཁ་པར20ལྷག་ཙམ་བཙོངས་པ་མ་ཟད། གྲོང་ཁྱེར་གཅིག་པའི་མྱུར་སྐྱེལ་བརྒྱུད་ཉིན་དེར་ཉོ་མཁན་གྱི་ལག་ཏུ་བསྐྱལ་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།