ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་གྱིས་མུ་མཐུད་དུ་ཞལ་འདེབས་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྒྱབ་སྐྱོར་བྱས་པ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་ཀྲུང་དབྱང་གི་འབོད་སྐུལ་བཏང་བ་དང་བསྟུན་ནས། ཉིན་ཤས་རིང་བསྟུད་མར་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་ཧུར་ཐག་སྒོས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྒྱབ་སྐྱོར་བྱེད་པའི་སེམས་ཤུགས་སྔར་བཞིན་ཇེ་ཆེར་ཕྱིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཟླ3པའི་ཚེས4ཉིན་བར་རྒྱལ་ཡོངས་སུ་ཏང་ཡོན་ཁྲི་4128ལྷག་གིས་རང་མོས་ངང་བསྡོམས་པས་སྒོར་དུང་ཕྱུར47.3ཞལ་འདེབས་བརྒྱབ་པ་རེད། ཞལ་འདེབས་འབུལ་བའི་བྱ་འགུལ་སྔར་བཞིན་སྤེལ་བཞིན་པའི་སྒང་རེད། །(མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།