ཀྲུང་གོ་བོད་ཀྱི་དྲ་བ།

ཟླ3པའི་ཚེས4ཉིན་རྒྱལ་ཡོངས་སུ་བསྡོམས་པས་ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ80409ཡོད་པ་དང་ཚེ་འདས་ནད་པ3012ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས4ཉིན་གྱི་ཆུ་ཚོད0ནས24ཡི་རིང་། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ139ཡིས་མང་དུ་ཕྱིན་པ་དང་། ཚེ་འདས་ནད་པ31(ཧུའུ་པའེ་རུ31) གིས་མང་དུ་ཕྱིན་ཡོད། དོགས་ཡོད་ནད་པ143གྱིས་མང་དུ་ཕྱིན་ཡོད།

ཉིན་དེར་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ2189ཡིས་མང་དུ་ཕྱིན་ཡོད་ལ། འབྲེལ་འདྲིས་ཡོད་མཁན་མི6584ལ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག་པ་དང་།  ནད་པ་ལྕི་མོ464ཡིས་ཉུང་དུ་ཕྱིན་ཡོད་པ་རེད། 

ཟླ3པའི་ཚེས4ཉིན་གྱི་ཆུ་ཚོད24ཡི་བར་དུ། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ད་ལྟ་ནད་རྟགས་ཐག་བཅད་པའི་ནད་པ25352(དེའི་ནང་ནད་པ་ལྕི་མོ5952)ཡོད་པ་དང་། བསྡོམས་རྩིས་བྱས་པ་ལྟར་ན་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ52045ཡོད་ལ།  ཚེ་འདས་ནད་པ3012ཡོད། སྙན་ཞུའི་ནང་བསྡོམས་པས་ནད་རྟགས་ཐག་བཅད་པའི་ནད་པ80409ཡོད་པ་དང་། ད་ལྟ་དོགས་ཡོད་ནད་པ522ཡོད། བསྡོམས་པས་འབྲེལ་འདྲིས་ཡོད་མཁན་མི669025གི་རྗེས་འདེད་ཐུབ་ཡོད་པ་མ་ཟད། ད་དུང་འབྲེལ་འདྲིས་ཡོད་པའི་མི32870ལ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད། 

ཧུའུ་པའེ་རུ་ནད་རྟགས་ཐག་བཅད་པའི་ནད་པ134(ཝུའུ་ཧན་དུ131)ཡིས་མང་དུ་ཕྱིན་པ་དང་། ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1923(ཝུའུ་ཧན་དུ1426)གྱིས་མང་དུ་ཕྱིན་ཡོད་ལ། ཚེ་འདས་ནད་པ31(ཝུའུ་ཧན་དུ23)གིས་མང་དུ་ཕྱིན་ཡོད། ད་ལྟ་ནད་རྟགས་ཐག་བཅད་པའི་ནད་པ24085(ཝུའུ་ཧན་དུ21050)ཡིས་མང་དུ་ཕྱིན་ཡོད། དེའི་ནང་ནད་པ་ལྕི་མོ5788(ཝུའུ་ཧན་དུ5342)ཀྱིས་མང་དུ་ཕྱིན་ཡོད། བསྡོམས་རྩིས་བྱས་ན་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ40479(ཝུའུ་ཧན་དུ26316)ཡོད་པ་དང་། བསྡོམས་པས་ཚེ་འདས་ནད་པ2902(ཝུའུ་ཧན་དུ2305)ཡོད། བསྡོམས་པས་ནད་རྟགས་ཐག་བཅད་པའི་ནད་པ67466(ཝུའུ་ཧན་དུ49671)ཡོད། དོགས་ཡོད་ནད་པ67(ཝུའུ་ཧན་དུ61)གྱིས་མང་དུ་ཕྱིན་ཡོད། ད་ལྟ་དོགས་ཡོད་ནད་པ315(ཝུའུ་ཧན་དུ247)བཅས་ཡོད།  

  ཟླ3པའི་ཚེས4ཉིན་གྱི་ཆུ་ཚོད0ནས24ཡི་རིང་། སྙན་ཞུའི་ནང་ཕྱི་ཕྱོགས་ནས་མཆེད་ཡོང་བའི་ནད་རྟགས་ཐག་བཅད་པའི་ནད་པ2(ཀྲི་ཅང་དུ2)ཀྱིས་མང་དུ་ཕྱིན་ཡོད་པ་དང་། ཟླ3ཚེས4ཉིན་གྱི་ཆུ་ཚོད24ཡི་བར་དུ།སྙན་ཞུའི་ནང་བསྡོམས་པས་ཕྱི་ཕྱོགས་ནས་མཆེད་ཡོང་བའི་ནད་རྟགས་ཐག་བཅད་པའི་ནད་པ20ཡོད་པ་རེད། 

བསྡོམས་རྩིས་བྱས་པ་ལྟར་ན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་ནད་རྟགས་ཐག་བཅད་པའི་ནད་པ156ཡོད་ལ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ104(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ43ཡོད་པ་དང་། ཚེ་འདས་ནད་པ2)ཡོད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ10ཡོད་ལ། (ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ9) ཐའེ་ཝན་ས་ཁུལ་དུ་ནད་པ42(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ12དང་། ཚེ་འདས་ནད་པ1)བཅས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།