ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་སྐོར་ཞིག་བསྐོ་འཐེན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས3ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འཁེལ་གཞིར་བཟུང་ནས་གཤམ་གྱི་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་བསྐོ་འཐེན་བྱས།

གཅིག ཏུའུ་ཝེ་ཡི་ཝུའུ་ཁི་ལན་དུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེན་མོའི་ལས་འགན་བླངས་པ་དང་། ཧྥན་ཞན་རུང་ཝུའུ་ཁི་ལན་དུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་འཇོག་བྱས།

གཉིས། ཀྲན་ཡུང་ཞིན་གྱི་དབྱི་སི་རལ་དུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེན་མོའི་ལས་འགན་བླངས་པ་དང་། ཏུའུ་ཝེ་དབྱི་སི་རལ་དུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་འཇོག་བྱས།

གསུམ། ལིན་ལིན་གྱི་སི་ལའོ་ཧྥ་ཁི་སྤྱི་མཐུན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེན་མོའི་ལས་འགན་བླངས་པ་དང་། སུང་ལི་ཅེ་སི་ལའོ་ཧྥ་ཁི་སྤྱི་མཐུན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལག་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་འཇོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།