ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་དེང་སྐབས་ཀྱི་དཔྱིད་འདེབས་ཐོན་སྐྱེད་བྱ་བའི་ཕྱོགས་སྟོན་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས2ཉིན། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དམ་འཛིན་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། ས་གནས་སོ་སོས་ཁུལ་དང་རིམ་པ་བཀར་ནས་དཔྱིད་འདེབས་ཐོན་སྐྱེད་སྒྲིག་ལམ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས་དེང་སྐབས་ཀྱི་དཔྱིད་འདེབས་ཐོན་སྐྱེད་བྱ་བའི་ཕྱོགས་སྟོན་འགྲེམ་སྤེལ་བྱས།

ཕྱོགས་སྟོན་ལས་འབྲུ་རིགས་བདེ་འཇགས་ཧྲིན་ཀྲང་འགན་འཁྲིའི་ལམ་ལུགས་ལ་ཤུགས་བསྣན་ཏེ། དཔྱིད་འདེབས་ཐོན་སྐྱེད་བྱ་བ་དམ་འཛིན་བྱེད་རྒྱུ་དེ་འགན་འཁྲིའི་ལམ་ལུགས་དཔྱིད་ཞིབ་ཀྱི་ནང་དོན་གལ་ཆེན་དུ་འཇོག་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོའི་འབྲུ་རིགས་ཀྱི་འདེབས་རྒྱ་དང་ཐོན་ཚད་དེ་སྔོན་ལོའི་ཆུ་ཚད་དང་སྲུང་འཛིན་བྱེད་དགོས་པ་གཏན་འཁེལ་གསལ་བོ་བྱས་ཡོད།

ཕྱོགས་སྟོན་ལས་བསྟན་དོན། ས་གནས་སོ་སོས་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་བྱ་བ་དམ་འཛིན་བྱས་ཏེ་འབྲུ་རིགས་དང་ཞིང་ལས་ཐད་ནས་ལོ་ལེགས་ལེན་དགོས། གཅིག་ནས་དཔྱིད་འདེབས་འབྲུ་རིགས་ཀྱི་རྒྱ་ཁྱོན་འགན་སྲུང་བྱེད་དགོས། གཉིས་ནས་རིམ་པ་དང་རིགས་བཀར་ཏེ་མྱུར་དུ་དཔྱིད་འདེབས་ཐོན་སྐྱེད་སྒྲིག་ལམ་སླར་གསོ་བྱེད་དགོས། གསུམ་ནས་ཁུལ་བཀར་ཏེ་དུས་ལྟར་དཔྱིད་འདེབས་དོ་དམ་བྱ་བ་དམ་འཛིན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།