ཀྲུང་གོ་བོད་ཀྱི་དྲ་བ།

ནོར་སྲིད་པུའུ་ཡིས2020ལོའི་ཀྲུང་དབྱང་གིས་ས་གནས་ལ་དོ་སྙོམས་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་ཀྱི་སྔོན་རྩིས་མ་དངུལ་སྔོན་སྤྲོད་བྱས་པ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཧྲིན་ཁྲིན།   སྤེལ་དུས། : 2020-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས3ཉིན་གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ནོར་སྲིད་པུའུ་ཡིས་ཉིན་ཤས་སྔོན་ལ། 2020ལོའི་ཀྲུང་དབྱང་གིས་ས་གནས་ལ་དོ་སྙོམས་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་ཀྱི་སྔོན་རྩིས་མ་དངུལ་སྔོན་སྤྲོད་བྱས་ནས་ས་གནས་ནོར་སྲིད་ཀྱི་འགན་ལེན་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྡ་ཐོ་བཏང་།     

བརྡ་ཐོའི་ཟུར་ཡིག་ལས་མངོན་པ་ལྟར་ན། ཐེངས་འདིར2020ལོའི་ཀྲུང་དབྱང་གིས་ས་གནས་ལ་དོ་སྙོམས་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་ཀྱི་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར700གཤམ་སྤྲོད་བྱས་ཤིང་བསྡོམས་པས་སྒོར་དུང་ཕྱུར་16032གཤམ་སྤྲོད་བྱས་པ་རེད།

    ནོར་སྲིད་པུའུ་ཡིས་ཞིང་ཆེན་སོ་སོའི་ནོར་སྲིད་སྡེ་ཁག་གིས་སྤོ་སྒྱུར་གཏོང་སྤྲོད་ཀྱི་སྔོན་རྩིས་དུས་ཚོད་དམ་འཛིན་བྱས་ཏེ་མ་དངུལ་དུས་ཐོག་ཏུ་གཤམ་སྤྲོད་བྱ་རྒྱུ་དང་མ་དངུལ་དུས་ཐོག་ཏུ་གྲངས་ཚང་ངང་གཤམ་སྤྲོད་བྱ་རྒྱུ་ཁག་ཐེག་འགན་ལེན་བྱེད་དགོས་པ་དང་། གཞི་རིམ་ནོར་སྲིད་སྡེ་ཁག་གིས་གོང་རིམ་ནས་གཤམ་སྤྲོད་བྱས་པའི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་ལུགས་མཐུན་ངང་བཀོད་སྒྲིག་དང་བེད་སྤྱོད་བྱས་ནས“འགན་ལེན་གསུམ”བཟང་བོ་བསྒྲུབ་རྒྱུ་དང་གཙོ་གནད་ཁྱབ་ཁོངས་སུ་གཏོང་སྤྲོད་བྱ་རྒྱུ་ཁག་ཐེག་བྱེད་པའི་དུས་མཚུངས་སུ། ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་ཐད་མ་དངུལ་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་དང་ཁག་ཐེག་གང་ལེགས་བྱེད་དགོས་པ་མ་ཟད།  མ་དངུལ་ལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་བསྟན་དོན། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།