ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་རྒྱ་ཆེའི་ཏང་ཡོན་ཁྲོད་དུ་རང་འགུལ་སྒོས་ཏོག་གསར་གློ་ཚད་འགོག་བཅོས་ཐད་ལ་སྒོར་མོ་ཞལ་འདེབས་འབུལ་བའི་བྱ་འགུལ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་སོ་སོས་མྱུར་དུ་འགུལ་སྐྱོད་སྤེལ་ཏེ། རིམས་ནད་འགོག་རྒོལ་ཁྲོད་དུ་ཞུགས་པ་དང་མཉམ་དུ་རྒྱ་ཆེའི་ཏང་ཡོན་ཁྲོད་དུ་རང་འགུལ་སྒོས་ཞལ་འདེབས་ཕུལ་ནས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་རྒྱབ་སྐྱོར་བྱེད་དགོས།

ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ཏང་ཡོན་ལ་བཏོན་པའི་རེ་འབོད་དང་ལེན་བྱས་ཏེ། ཞི་ཅིན་ཕིང་སོགས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་ཉེ་ལམ་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་སྒོར་མོ་ཞལ་འདེབས་ཕུལ། ཏང་དང་རྒྱལ་ཁབ་ཀྱི་་འགོ་ཁྲིད་བློ་མཐུན་གཞན་པ་དང་དེ་མིན་འགོ་ཁྲིད་པའི་གོ་གནས་སུ་མར་བབས་པའི་བློ་མཐུན་རྒན་པས་ཀྱང་སྣེ་ཁྲིད་དེ་སྒོར་མོ་ཞལ་འདེབས་ཕུལ་ནས། རིམས་ནད་འགོག་བཅོས་ཚོད་འཛིན་འཐབ་ཕྱོགས་དང་པོ་རུ་འཐབ་རྩོད་བྱེད་པའི་སྨན་བཅོས་མི་སྣ་དང་གཞི་རིམ་ལས་བྱེད་པ་དང་མང་ཚོགས། སྤྱི་བདེ་ཉེན་རྟོག་པ། གཞིས་ཁུལ་བྱ་བ་སྒྲུབ་མཁན་སོགས་ལ་ཐུགས་ཁུར་ཟབ་མོ་གནང་བ་མཚོན་པར་བྱས་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དཀའ་ཁག་ལ་མི་འཛེམ་པར་རྡོག་རྩ་གཅིག་སྒྲིལ་བྱེད་པ་དང་། ཐེངས་འདིའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་བར་འབད་བརྩོན་བྱེད་པའི་སྐུལ་མ་བཏང་། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།