ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུས《རྫོང་ཁོངས་ཀྱི་སློབ་ཞུགས་སྔོན་གྱི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་ལྟ་སྐུལ་མཛུབ་ཁྲིད་དཔྱད་དཔོག་བྱེད་ཐབས》འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་ཞུགས་སྔོན་གྱི་སློབ་གསོ་ཁྱབ་གདལ་གཏོང་བའི་ཀུན་ཕན་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ལམ་རྒྱལ་ཁབ་སློབ་གསོ་པུས《རྫོང་ཁོངས་ཀྱི་སློབ་ཞུགས་སྔོན་གྱི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་ལྟ་སྐུལ་མཛུབ་ཁྲིད་དཔྱད་དཔོག་བྱེད་ཐབས》  འགྲེམ་སྤེལ་བྱས་པ་དང་། སློབ་ཞུགས་སྔོན་གྱི་སློབ་གསོ་ཁྱབ་གདལ་གཏོང་བ་དང་ཀུན་ཕན་ལྟ་སྐུལ། མཛུབ་ཁྲིད། དཔྱད་དཔོག་བྱེད་པ་ནི་རྫོང་རིམ་པའི་མི་དམངས་སྲིད་གཞུང་དང་འགན་འཁུར་བ་གཙོ་བོས་སློབ་གསོ་སྒྲུབ་ཚུལ་ལ་གདེང་འཇོག་དང་སློབ་གསོ་འཕེལ་རྒྱས་ཀྱི་ཆུ་ཚད་ལ་ཕྱོགས་བསྡུས་དཔྱད་དཔོག་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པ་དང་། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་བྱེད་པའི་ནང་དོན་གཙོ་བོར་ཀུན་ཕན་ཆུ་ཚད་དང་། སྲིད་གཞུང་གི་འགན་ལེན་གནས་ཚུལ། བུ་བཅོལ་ཁང་གི་འགན་ལེན་སློབ་གསོའི་སྤུས་ཚད་བཅས་ཕྱོགས་གསུམ་འདུས།

    བྱེད་ཐབས་ནང་། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་ལས་དོན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་འགོ་ཁྲིད་དང་ཞིབ་བཤེར་གཏན་འཁེལ་བྱེད་པ་དང་། ཞིང་ཆེན་རིམ་པའི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སྡེ་ཁག་གིས་གཙོར་བྱས་ནས་ལག་བསྟར་བྱེད་དགོས། རྒྱལ་ཁབ་ཀྱིས་ངོས་འཛིན་གཏན་འཁེལ་བྱེད་པའི་གོ་རིམ་ཁྲོད། ཞིབ་བཤེར་བྱས་པའི་རྫོང་སོ་སོས་དམིགས་ཚད་དང་ཚད་གཞིའི་བླང་བྱ་ཚང་མ་ཟིན་པ་དང་འབྲེལ་གོ་རིམ་ཡོད་ཚད་ངོས་འཛིན་གཏན་འཁེལ་བྱེད་ཚེ། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དེས་ལོ་དེར་རེ་ཞུ་བྱས་པའི་རྫོང་ཚང་མར་ངོས་འཛིན་གཏན་འཁེལ་བྱེད་པ་དང་། རྫོང་སོ་སོའི་ཞིབ་བཤེར་གྱི་ཚད་གཞི་ལོན་མེད་པ་དང་། མང་ཚོགས་ཀྱིས་སློབ་ཞུགས་སྔོན་གྱི་སློབ་གསོའི་ཞུ་གཏུག་ཐེར་འདོན་མང་བ། བསམ་འཆར་མང་བ། གཞི་གྲངས་རྫུན་བཟོ་བྱེད་པ་སོགས་གནད་དོན་ཚབས་ཆེན་ཡོད་ཚེ། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དེའི་ལོ་དེའི་དཔྱད་དཔོག་གཏན་འཁེལ་ལས་དོན་སྤེལ་མཚམས་འཇོག་རྒྱུའི་ཐག་བཅད་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།