ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འགོག་མཉམ་སྡོམ་ལས་ཁུངས་ཀྱིས་ཉེན་ཁ་ཆེ་བའི་ས་ཁུལ་ནས་ཕྱིར་ལོག་པ་ཡིན་ན་རང་འགུལ་གྱིས་སྡེ་ཁུལ་དུ་ཐོ་འགོད་བྱེད་དགོས་ཞེས་གསལ་འདེབས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཆུས་ཐིན།ཀའོ་ཅིན།   སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲོའུ་ཡུས་ཧུའེ་ཡིས་ཟླ3པའི་ཚེས2ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་རྒྱུར། གཙོ་གནད་ས་ཁུལ་དང་ཉེན་ཁ་ཆེ་བའི་ས་ཁུལ་ནས་ཕྱིར་ལོག་པའི་མི་སྣས་རང་འགུལ་གྱིས་སྡེ་ཁུལ་དུ་ཐོ་འགོད་བྱེད་དགོས་པ་དང། ཁྱིམ་ནས་གསོ་རིག་ལྟ་ཞིབ་བྱེད་པའི་མི་སྣར་སྡེ་ཁུལ་གྱིས་ཀྱང་ཁོང་ཚོའི་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་འབྲེལ་ཡོད་དོ་དམ་བྱ་བ་ཡག་པོར་བསྒྲུབ་དགོས། ཚ་རྒྱས་པ་དང་སྐམ་ལུ་བྱེད་པ། ད་དུང་དབུགས་ལམ་གྱི་ནད་རྟགས་ཡོད་པ་ཤེས་ཚེ། དེ་མ་ཐག་ཏུ་མགྱོགས་མྱུར་ངང་ཐག་ཉེ་སའི་སྨན་བཅོས་ལས་ཁུངས་ནང་སྨན་བཅོས་བྱེད་པར་འགྲོ་དགོས་པ་དང་། ས་གནས་དེ་གའི་ནད་ཡམས་སྔོན་འགོག་ཚོད་འཛིན་སྡེ་ཁག་གམ་ཡང་ན་སྨན་བཅོས་སྡེ་ཁག་ལ་སྙན་སེང་ཞུ་དགོས། ང་ཚོས་གཙོ་གནད་ས་ཁུལ་དང་ཉེན་ཁ་ཆེ་བའི་ས་ཁུལ་ནས་ཕྱིར་ལོག་པའི་རྒྱ་ཆེའི་ཡུལ་མི་ཚོར། ཚང་མས་རང་ཉིད་ལ་འགན་འཁུར་བ་དང་ཁྱིམ་ཚང་ལ་འགན་འཁུར་བ། སྤྱི་ཚོགས་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་རང་འགུལ་གྱིས་ཁྱིམ་ནས་གསོ་རིག་ལྟ་ཞིབ་བྱ་རྒྱུ་དང་། རང་ཉིད་ཀྱི་གཟུགས་པོ་ཅུང་མ་བདེ་ཚེ་དུས་ཐོག་ཏུ་སྡེ་ཁུལ་ལ་སྙན་སེང་ཞུ་རྒྱུ་མ་ཟད། དུས་ཐོག་ཏུ་སྨན་ཁང་དུ་འགྲོ་དགོས་པའི་འབོད་སྐུལ་བྱས་པ་ཡིན་ཟེར། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།