ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་སྐྱེ་དངོས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་འདོན་པར་སྐུལ་འདེད་མགྱོགས་མོ་གཏོང་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས2ཉིན་རྒྱལ་སྲུང་པུའུ་གསར་འགྱུར་ཅུའི་ཡི་ཅུའུ་ཀྲང་གསར་འགྱུར་མགྲིན་ཚབ་པ་ཝུའུ་ཆན་གྱིས་པེ་ཅིང་དུ་ཀྲུང་གོས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན། རྒྱལ་ཁབ་ཡུན་རིང་བདེ་བཀོད་སྲུང་སྐྱོང་བཅས་བྱེད་པའི་མཐོ་ཚད་ཐོག་ནས་སྐྱེ་དངོས་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་ནང་བཅུག་སྟེ་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་བརྒྱུད་རིམ་ལྡན་པའི་ངང་འཆར་འགོད་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅོས་སྐྱོང་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད། ཐེངས་འདིའི་རིམས་ནད་ཐོན་པ་དེས་སྐྱེ་དངོས་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། ཀྲུང་གོས་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་འདོན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་དང་ལམ་ལུགས་འགན་ལེན་མ་ལག་མགྱོགས་མྱུར་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།