ཀྲུང་གོ་བོད་ཀྱི་དྲ་བ།

བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁྲིམས་ལྟར་འགོག་སྲུང་ཚོད་འཛིན་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་ནས་རྒྱལ་ཁབ་སྤྱི་ཐུན་འཕྲོད་བསྟེན་འཕྲལ་སྒྲུབ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་པ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས1ཉིན་པར་དུ་བསྐྲུན་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་ལྔ་བའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁྲིམས་ལྟར་འགོག་སྲུང་ཚོད་འཛིན་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་ནས་རྒྱལ་ཁབ་སྤྱི་ཐུན་འཕྲོད་བསྟེན་འཕྲལ་སྒྲུབ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་པ་བཀོད།

རྩོམ་ཡིག་ནང་བསྟན་དོན། དེང་སྐབས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནད་འགག་དུས་སྐབས་སུ་གནས་ཡོད་པས། ཁྲིམས་ལྟར་ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་སྒོ་ནས་འགོག་བཅོས་ཚོད་འཛིན་བྱ་བ་གང་ལེགས་སྒོས་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནད་འགག་དུས་སྐབས་སུ་ཁྲིམས་ལྟར་འགོག་བཅོས་ཚོད་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། ཁྲིམས་སྐྱོང་བགྲོད་ལམ་སྟེང་དུ་འགོག་བཅོས་ཚོད་འཛིན་བྱ་བ་སྣ་ཚོགས་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་དགོས་པ་དང་། ཁྲིམས་ལྟར་འགོག་སྲུང་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས་ལ། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བདེ་བླག་ངང་སྤེལ་རྒྱུ་འགན་སྲུང་བྱས་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་སྲུང་སྐྱོབ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁྱོན་ཡོངས་དང་ཁྲིམས་ལྟར་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་རྣམ་པར་བརྟེན་ནས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། གློ་བུར་དུ་བྱུང་བའི་དོན་རྐྱེན་ཚབས་ཆེན་ཐག་གཅོད་བྱེད་སྐབས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཁྲིམས་ལྟར་སྲིད་སྐྱོང་བ་དང་ཁྲིམས་ལྟར་སྲིད་འཛིན་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།

རྩོམ་ཡིག་ནང་བསྟན་དོན། སྤྱི་ཐུན་འཕྲོད་བསྟེན་ཁྲིམས་སྐྱོང་འགན་སྲུང་ནུས་པ་ཇེ་ཆེར་གཏོང་དགོས། སྤྱི་ཐུན་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་དགོས་པ་དང་། འགོས་ནད་འགོག་བཅོས་བཅའ་ཁྲིམས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བཟོ་བཅོས་འཐུས་ཚང་ལ་ནན་ཏན་སྒོས་དཔྱད་འཇོག་བྱེད་དགོས། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་། རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་སྲུང་སྐྱོབ་བྱེད་པའི་མཐོ་ཚད་ནས་སྐྱེ་དངོས་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་ཏུ་འཇོག་པ་དང་། གོ་རིམ་ཡོད་པའི་སྒོ་ནས་རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་འགོག་སྲུང་ཚོད་འཛིན་དང་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ལ་འཆར་འགོད་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅོས་སྐྱོང་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས། སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་མྱུར་དུ་གཏན་ལ་ཕབ་ནས། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་དང་ལམ་ལུགས་འགན་སྲུང་མ་ལག་མྱུར་དུ་གསར་སྐྲུན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།