དྲ་རྒྱའི་ཆ་འཕྲིན་ཞིབ་བཤེར་ཚད་གཞི་ནན་མོ་ཟླ3ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི《དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་སྣོད་བཅུད་བཅོས་སྐྱོང་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)2020ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས《གཏན་འབེབས》བཏོན་པའི་དམིགས་ཡུལ་ནི་དྲ་རྒྱའི་སྣོད་བཅུད་བཟང་པོ་བཏོད་དེ་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་རེད།

《གཏན་འབེབས》ནང་དྲ་རྒྱའི་ཆ་འཕྲིན་ནང་དོན་ཐོན་སྐྱེད་བྱེད་མཁན་དང་། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུའི་སྟེགས་བུ། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཞབས་ཞུ་སྤྱོད་མཁན། དྲ་རྒྱའི་ལས་རིགས་རྩ་འཛུགས་བཅས་ཀྱི་དྲ་རྒྱའི་བྱ་སྤྱོད་ལ་དམིགས་ནས་འབྲེལ་ཡོད་ཞིབ་སྲོལ་བཟོས་པ་མ་ཟད། ལྟ་སྐུལ་དོ་དམ་དང་བཅའ་ཁྲིམས་ཀྱི་འགན་འཁྲིའི་ཐོག་ནས་དྲ་རྒྱའི་ནང་དོན་གྱི་སྣོད་བཅུད་ལ་ཚད་ལྡན་དོ་དམ་བྱས་པ་རེད། དེའི་ནང་དྲ་རྒྱའི་ཆ་འཕྲིན་ནང་དོན་ཐོན་སྐྱེད་བྱེད་མཁན་གྱིས་སྒྲིག་བཟོ་དང་འདྲ་བཟོ། འགྲེམ་སྤེལ་བྱས་མི་ཆོག་པའི་ནང་དོན་རིགས11གསལ་བོར་བཏོན་ཡོད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།