ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དུས་བཅད་ལྟར་་ཕུས་ཉི་ལཱ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི28ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཀྲི་ལིའི་ཙུང་ཐུང་ཕུས་ཉི་ལཱ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ལ་འགོས་ཚད་ཆེས་མགྱོགས་ཤིང་འགོས་པའི་ཁྱབ་ཁོངས་ཆེས་ཆེ་བ་དང་། འགོག་བཅོས་ཚོད་འཛིན་གྱི་དཀའ་ཁག་ཆེས་ཆེ་བའི་གློ་བུར་དུ་བྱུང་བའི་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་གལ་ཆེན་ཐེངས་ཤིག་རེད། རིམས་ནད་བྱུང་རྗེས། བདག་གིས་དངོས་སུ་བཀོད་འདོམས་པ་དང་དངོས་སུ་བཀོད་སྒྲིག་བྱས་ཤིང་། རྒྱལ་ཡོངས་གོང་འོག་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྡུག་མཉམ་སེལ་བྱས་པ་དང་། ཆེས་ཁྱོན་ཡོངས་དང་ཆེས་གཟབ་ནན། ཆེས་མཐའ་འཁྱོལ་བའི་འགོག་བཅོས་ཚོད་འཛིན་བྱེད་ཐབས་སྤྱད། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རིམས་ནད་འགོག་བཅོས་ཚོད་འཛིན་གནས་བབ་བཟང་ཕྱོགས་སུ་འཕེལ་བཞིན་ཡོད། ང་ཚོར་ཐེངས་འདིའི་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པའི་ཆོད་སེམས་བརྟན་པོ་དང་ནུས་པ་ཆེན་པོ་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཀྲི་ལིའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པའི་ལོ་ཡིན་པ་དང་། ང་ཚོས་དེ་གོ་སྐབས་སུ་བཟུང་སྟེ་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་སྲུང་འཛིན་བྱེད་པ་དང་ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལེགས་པོར་བསྒྲུབ་དགོས་ལ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་དང་དངུལ་གཏོང་། ཚན་རྩལ་གསར་སྐྲུན། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས་པར་མ་ཟད། ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ཞིང་ཀྲུང་གོ་དང་ཀྲི་ལི་བར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་བཟང་བོ་བྱེད་པ་དང་། ཀྲུང་གོ་དང་ཀྲི་ལིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།

ཕུས་ཉི་ལཱ་ཡིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གི་ཡང་དག་པའི་བཀོད་འདོམས་འོག ཀྲུང་གོས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་ནས་རིམས་ནད་རྒྱ་ཡན་དུ་འགྲོ་བ་ཚོད་འཛིན་བྱས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡང་དག་པའི་འགོ་ཁྲིད་འོག ཀྲུང་གོ་སྔ་མོ་ནས་རིམས་ནད་འགོག་རྒོལ་ཐད་ནས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད། ཀྲི་ལི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་པར་ཤུགས་སྣོན་པ་དང་འགོ་ནད་རང་བཞིན་གྱི་རིམས་ནད་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ནས། འཛམ་གླིང་གི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོབ་བྱེད་འདོད་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།