སྡེ་ཁག་བཞི་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོང་བའི་ལས་དོན་སྔར་ལས་ཡག་པོ་སྒྲུབ་དགོས་པའི་མཛུབ་སྟོན་བསམ་འཆར་པར་འགྲེམས་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན་གསར་འགོད་པས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཉེ་ཆར་མཉམ་འབྲེལ་སྒོས《དུས་བབ་གསར་པའི་འོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོང་པའི་ལས་དོན་སྔར་ལས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་པ་རེད།

བསམ་འཆར་ནང་མི་རིགས་ལས་དོན་ཨུ་ལྷན་དང་བཟོ་ཚོགས། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་ལེགས་ཆ་དང་ནུས་པ་གང་ལེགས་འདོན་སྤེལ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་རྩ་བའི་ཁ་ཕྱོགས་སུ་བྱེད་པ། མི་རིགས་ཕན་ཚུན་བར་འགྲོ་འོང་དང་སྤེལ་རེས། མཉམ་བསྲེས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྩ་བའི་ཐབས་ལམ་དུ་བྱེད་པ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོང་པའི་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་དང་རྒྱུན་སྐྱོང་ངང་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད།

བསམ་འཆར་ནང་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་ལས་བཟོ་བ་དང་། གཞོན་ནུ། བུད་མེད་བཅས་ཀྱིས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱས་ཏེ་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞི་བསྐྲུན་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱ་བ་དྲ་རྒྱའི་སྟེང་རྒྱ་ཆེར་སྤེལ་བ་དང་། “དྲ་སྦྲེལ+མི་རིགས་མཐུན་སྒྲིལ”གྱི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ། དྲ་ཐོག་གི་རིག་གནས་སྤེལ་རེས་མཉམ་སྤྱོད་ལས་སྟེགས་གཏོད་པ་བཅས་བྱས་ནས་མི་རིགས་ཁག་གི་ལས་བཟོ་བ་དང་། གཞོན་ནུ། བུད་མེད་བཅས་ཀྱི་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲང་ནུས་བརྒྱུད་སྤེལ་བྱེད་དགོས་པ་དང་། མི་རིགས་ཁག་བར་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བའི་རིག་གནས་སྦྲེལ་ཟམ་འཛུགས་པ་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ”དང་། “ཀྲུང་ཧྭའི་རིག་གནས་སློབ་གྲྭར་སྤེལ་བ”། “ཁྱིམ་ཚང་ཁྲི་ཡི་བརྩེ་སེམས་གཅིག་ཏུ་འབྲེལ་བ”། “དྲོ་སྐྱིད་སྦྱིན་པ”སོགས་ཀྱི་སྤུས་རྟགས་སྤྱད་དེ་ཁྱད་ཆོས་ལྡན་པའི་མང་ཚོགས་རང་བཞིན་གྱི་བྱེད་སྒོ་སྤེལ་ནས་མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས། མཉམ་བསྲེས་བཅས་བྱེད་རྒྱ་ཆེ་རུ་གཏོང་དགོས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱས་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་། དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ། གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས། རིམ་པ་ཁག་གི་བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་རྩ་འཛུགས་ཁྲོད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་མཚོན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་བྱེད་པོའི་གོ་གནས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་གང་ཐུབ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་པའི་གོ་རིམ་ཁྲོད་མང་ཚོགས་རྣམས་ཞུགས་པར་འགན་ལེན་ཏན་ཏིག་དང་། ཕན་འབྲས་ཐོན་པར་མང་ཚོགས་ཀྱིས་ཤན་འབྱེད་དང་། གྲུབ་འབྲས་ཐོན་པར་མང་ཚོགས་ཀྱིས་མཉམ་སྤྱོད་ཐུབ་པར་བྱ་དགོས། ། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།