ཀྲུང་གོ་བོད་ཀྱི་དྲ་བ།

པུའུ་ཨུ་གཉིས་ཀྱིས་རླངས་འཁོར“གྲོང་གསེབ་ཏུ་སྐྱོད་དཀའ”བའི་གནད་དོན་ཐག་གཅོད་དང་ཞིང་ལས་ཐོན་སྐྱེད་དངོས་ཟོག་སྐྱེལ་འདྲེན་ལ་ཁག་ཐེག་བྱེད་དགོས་ཞེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན་གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཞིང་ལས་ཞིང་སྡེ་པུའུ་གཉིས་ཀྱིས་ཚེས26ཉིན་མཉམ་འབྲེལ་སྒོས་ཛ་དྲག་བརྡ་ཐོ་བཀྲམ་ནས་ས་གནས་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཞིང་ལས་ཞིང་སྡེ་སྡེ་ཁག་གིས2020ལོའི་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་དངོས་ཟོག་སྐྱེལ་འདྲེན་ལ་ཁག་ཐེག་བྱ་རྒྱུ་དང་། ཁྱོན་ཡོངས་ནས་ནུས་ཤུགས་ཡོད་རྒུས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་འདེགས་སྐྱོར་བྱས་ཏེ་འབྲུ་རིགས་དང་ཞོར་ཟས་གལ་ཆེན་རིགས་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།

ས་ཁུལ་ཁག་གཅིག་གི་ཞིང་ལས་ཐོན་སྐྱེད་ཀྱི་དངོས་ཟོག“གྲོང་གསེབ་ཏུ་སྐྱེལ་དཀའ་བ”དང་། མྱུར་བགྲོད་གཞུང་ལམ་སྟེང“སྐྱེལ་འདྲེན་བྱེད་དཀའ་བ”། ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་ས་ཁོངས་གཞན་པར་སྐྱེལ་འདྲེན་བྱེད་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། བརྡ་ཐོའི་ནང་ས་གནས་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་བྱ་རྒྱུ་དང་རྒྱུན་གཏན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་ཏེ་གཞུང་ལམ་དྲ་བ་བདེ་བླག་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་ནུས་ལྡན་བྱེད་དགོས། ས་གནས་ཁག་གི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་དངོས་ཟོག་ཐོན་སྐྱེད་དང་འཁོར་རྒྱུག་གཉེར་སྐྱོང་བྱེད་པོའི་ཁེ་ལས་གཙོ་གནད་ཅན་རྣམས་ལ་ས་གནས་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཡོངས་བསྒྲགས་བྱས་པའི་ཆུ་ཚོད24ཡི་འཕྲལ་སྡོམ་སྐྱེལ་འདྲེན་ཁ་པར་མཁོ་འདོན་བྱེད་དགོས་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་འབྲེལ་ཡོད་གནད་དོན་རྣམས་དུས་ཐོག་ཏུ་བདག་སྤྲོད་དང་ཐག་གཅོད་བྱས་ཏེ་རླུང་འཁོར་རིགས་ཐོགས་མེད་ནུས་ཆེའི་ངང་ཤར་གཏོང་ཐུབ་པར་འགན་སྲུང་བྱེད་དགོས་ཞེས་གསལ་བོར་བསྟན།

བརྡ་ཐོའི་ནང་བསྟན་དོན། ས་གནས་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་མིག་སྔའི་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དངོས་ཟོག་སྐྱེལ་འདྲེན་གྱི་དགོས་མཁོར་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ། གནད་དོན་ཕྱོགས་སྟོན་དང་གནད་ཁེལ་ཞབས་ཞུ་མཐའ་འཁྱོངས་བྱེད་པ། འབྲེལ་ཡོད་ལས་རིགས་མཐུན་ཚོགས་ལ་བརྟེན་ནས། མཁོ་སྤྲོད་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དངོས་ཟོག་སྐྱེལ་འདྲེན་བྱེད་པར་འགན་སྲུང་ཇུས་གཞི་བཟོ་དགོས། རིམས་ནད་ཚབས་ཆེན་ཡིན་པའི་ས་ཁུལ་ལ་དམིགས་གཏད་རང་བཞིན་གྱི་འགན་སྲུང་བྱེད་ཐབས་སྤྱོད་པ་དང་། འབྲེལ་མཐུད་ལམ་སྲོལ་འཛུགས་པ། “གནས་ནས་གནས”ལ་རྒྱབ་སྐྱོར་བྱེད་པ་སོགས་དོན་དག་རེ་རེ་བཞིན་ཐག་གཅོད་བྱེད་དགོས།

 བརྡ་ཐོའི་ནང་ས་གནས་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཁྱོན་ཡོངས་ནས་རླངས་འཁོར་ཤར་བགྲོད་གྲོན་དངུལ་མི་བསྡུ་བའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དངོས་ཟོག་དང་ཞིང་ལས་འཕྲུལ་ཆས་བརྒྱུད་འདྲེན་བྱ་རྒྱུ་དེ་འཕྲལ་སྡོམ་སྐྱེལ་འདྲེན་གྱི་ལྗང་མདོག་བགྲོད་ལམ་གྱི་སྲིད་ཇུས་ཁྱབ་ཁོངས་ནང་བཅུག་ནས་སྐྱེལ་འདྲེན་འགན་ལེན་ཁེ་ལས་ཀྱིས་རྒྱལ་ཡོངས་གཅིག་གྱུར་གྱི“རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་དངོས་ཟོག་དང་མི་སྣའི་སྐྱེལ་འདྲེན་འཁོར་རིགས་ཀྱི་ཤར་བགྲོད་ལག་ཁྱེར”པར་བརྒྱབ་ནས་དངོས་ཟོག་དང་ཞིང་ལས་འཕྲུལ་ཆས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་རིགས་ཁ་བཀག་མི་ཆོག་པ་དང་། ཞིབ་བཤེར་མི་བྱེད་པ། གྲོན་དངུལ་མི་བསྡུ་བ་བཅས་བྱས་ནས་སྔོན་ལ་ཤར་བགྲོད་ཐུབ་པ་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།