ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བརྡ་ཐོ་བཏང་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོ་རུ་ཏང་ཡོན་འཕེལ་རྒྱས་སུ་གཏོང་བའི་བྱ་གཞག་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་མཛུབ་སྟོན་གལ་ཆེན་གནང་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོ་རུ་བྱས་རྗེས་མངོན་གསལ་དོད་པོ་བཞག་ཅིང་། ཏང་ནང་ཞུགས་འདོད་ཆེ་བའི་ཧུར་བརྩོན་ཅན་དེ་དག་གི་མཚོན་ཚུལ་ལ་གཞིགས་ནས་མགྱོགས་མྱུར་སྒོས་ཏང་ནང་ཞུགས་ཆོག་པར་བྱས་པ་དང་།  ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བརྡ་ཐོ་བཀྲམ་ནས་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོ་རུ་ཏང་ཡོན་འཕེལ་རྒྱས་གཏོང་བའི་བྱ་གཞག་ཡག་པོ་བསྒྲུབ་རྒྱུ་དང་དམ་འཛིན་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང་ཚད་གཞི་མཐའ་འཁྱོངས་དང་སྤུས་ཚད་ལ་ཁག་ཐེག་བྱས་ཏེ་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོ་རུ་ཏང་ཡོན་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུ་དང་། འཐབ་ས་དང་པོའི་མི་སྣའི་དད་སེམས་ཇེ་བརྟན་དུ་གཏོང་བ་དང་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱེད་པར་སྐུལ་མ་བཏང་སྟེ་ཡིད་ཆེས་ཀྱིས་ཁེངས་པའི་སྒོ་ནས་རིམས་ནད་འགོག་བཅོས་ཀྱི་འཐབ་རྩོད་ནང་ཞུགས་དགོས་པའི་བླང་བྱ་བཏོན་པ་རེད། རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོ་རུ་འབད་འཐབ་བྱེད་པའི་སྨན་ལས་མི་སྣ་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ། སྡེ་ཁུལ་གྱི་ལས་དོན་པ། གཞི་རིམ་གྱི་ལས་བྱེད་མང་ཚོགས་སོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་ལེགས་པ་དང་། ཏང་ཡོན་གྱི་ཆ་རྐྱེན་དང་མཐུན་པ། རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོ་རུ་བྱས་རྗེས་མངོན་གསལ་དོད་པོ་བཞག་རིགས་ལ་ཏང་ཀྲི་པུའུ་ཡིས་ཞིབ་འཇུག་དང་མོས་མཐུན་བྱས་པ་བརྒྱུད་གོང་རིམ་ཏང་ཨུ་ལ་སྙན་ཞུ་ཕུལ་ནས་འཕྲལ་མར་གྲ་སྒྲིག་ཏང་ཡོན་དུ་བསྡུ་ཆོག་ལ།  རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོ་ན་ཡོད་པའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་བྱ་ཐབས་འོས་འཚམ་སྤྱད་དེ་གསར་དུ་འཕེལ་རྒྱས་སུ་བཏང་བའི་གྲ་སྒྲིག་ཏང་ཡོན་རྩ་འཛུགས་བྱས་ནས་ཏང་ནང་ཞུགས་པའི་དམ་བཅའ་འཇོག་པར་བྱས་ཆོག་ཞེས་རེ་བ་བཏོན། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།