ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་དུས་ཚོད་འོས་འཚམས་ཀྱིས་རྗེས་ལ་སྣུར་རྒྱུ་གཏན་འཁེལ་བྱས་པ་དང་ཚོགས་འདུ་ཚོགས་པའི་བྱེ་བྲག་གི་དུས་ཚོད་ལོགས་སུ་གཏན་འཁེལ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200225093817BhMq.jpg

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་དུས་ཚོད་འོས་འཚམས་ཀྱིས་རྗེས་ལ་སྣུར་རྒྱུ་གཏན་འཁེལ་བྱས་པ་དང་ཚོགས་འདུ་ཚོགས་པའི་བྱེ་བྲག་གི་དུས་ཚོད་ལོགས་སུ་གཏན་འཁེལ་བྱེད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་དུས་ཚོད་རྗེས་ལ་སྣུར་བའི་འབྲེལ་ཡོད་ཆོད་དོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཆོད་དོན་ལས་བསྟན་དོན། ཉེ་དུས་བྱུང་བའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཚབས་ཆེན་ལ་དམིགས་ཏེ། ཏང་ཀྲུང་དབྱང་གིས་རིམས་ནད་འགོག་བཅོས་ཚོད་འཛིན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དངོས་འབེབ་བྱེད་པ། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ངེས་པ་དོན་གྱིས་འགན་སྲུང་བྱེད་ཆེད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་དུས་ཚོད་འོས་འཚམས་སྒོས་ཕྱིར་སྣུར་བྱེད་རྒྱུ་གཏན་འཁེལ་བྱས་པ་དང་། ཚོགས་འདུ་བསྡུ་བའི་བྱེ་བྲག་གི་དུས་ཚོད་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོགས་སུ་གཏན་འཁེལ་བྱེད་རྒྱུ་རེད།

ཨུ་ཡོན་ཀྲང་གི་མངགས་བཅོལ་ལྟར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་ཡིས་ཚེས་ཉེར་བཞིའི་ཉིན་གྱི་སྔ་དྲོར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་སྟེང་གསལ་བཤད་བྱེད་སྐབས་མཚམས་སྦྱོར་བྱས་དོན། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བའི་སྟེང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཉིས་སྟོང་ཉི་ཤུ་ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན་པེ་ཅིན་ནས་བསྡུ་རྒྱུ་ཐག་བཅད། གཏན་འཁེལ་འདི་གཞིར་བཟུང་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་འཚོགས་པར་གྲ་སྒྲིག་རབ་དང་རིམ་པ་བྱས་ཡོད། ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། མགྱོགས་མྱུར་གྱིས་བཀོད་སྒྲིག་དང་རེ་བ་གསལ་བོ་བཏོན་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བྱ་བ་དེ་མིག་སྔར་ཆེས་གལ་ཆེ་བའི་བྱ་བར་བརྩིས་ནས་དམ་འཛིན་བྱེད་པ་དང་། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ངེས་པར་དུ་རྒྱལ་ཁ་ལེན་དགོས་ཞེས་བསྟན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།