རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འོས་འཚམ་སྒོས་རྗེས་ལ་བསྣུར་ནས་འཚོག་རྒྱུ་གཏན་འབེབས་བྱས་པ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས24ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་རྗེས་ལ་བསྣུར་ནས་འཚོག་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

 གཏན་འབེབས་ནང་བསྟན་དོན། ཉེ་དུས་བྱུང་བའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཚབས་ཆེན་ལ་དམིགས་ནས། ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ལ་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མུ་མཐུད་དུ་ཡག་པོ་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་བདེ་འཇགས་འགན་ལེན་ཏན་ཏིག་བཅས་བྱ་ཆེད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འོས་འཚམ་སྒོས་རྗེས་ལ་བསྣུར་ནས་འཚོག་རྒྱུ་དང་། ཚོགས་འདུ་འཚོག་པའི་ཞིབ་ཕྲའི་དུས་ཚོད་དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོགས་སུ་གཏན་འཁེལ་བྱ་རྒྱུ་རེད།

  ཨུ་ཡོན་ཀྲང་ཚོགས་འདུའི་མངགས་བཅོལ་ལྟར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲེན་ཁྲུན་ཡའོ་ཡིས་ཚེས24ཉིན་གྱི་སྔ་དྲོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་གནས་ཚུལ་གསལ་བཤད་གནང་སྐབས། 2019ལོའི་ཟླ12ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ2020ལོའི་ཟླ3ཚེས5ཉིན་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་ཤིང་གཏན་འབེབས་འདི་གཞིར་བཟུང་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་ཆེན་འཚོག་རྒྱུར་གྲ་སྒྲིག་བྱ་བ་རབ་དང་རིམ་པ་བསྒྲུབས་ཡོད་ཞེས་བཤད།

 ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་མགྱོགས་མྱུར་སྒོས་བཀོད་སྒྲིག་བྱས་ཏེ། བླང་བྱ་ཁ་གསལ་བཏོན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དེ་མིག་སྔའི་ལས་དོན་ཁྲོད་ཀྱི་ཆེས་གལ་ཆེ་ཤོས་ལ་བརྩིས་ནས་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་པ་རེད།

“ཉེ་ཆར་བྱུང་བའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་དེ་ནི་གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་གྱི་དོན་རྐྱེན་ཆེ་གྲས་ཤིག་རེད། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་བྱུང་རྗེས་མི་ཚོགས་འདུ་འཛོམས་བྱེད་པར་ཚོད་འཛིན་ནམ་མཚམས་འཇོག་བྱེད་པའི་འཕྲལ་བསྟུན་བྱེད་ཐབས་སྤྱད་ཆོག‘’ཅེས་ཧྲེན་ཁྲུན་ཡའོ་ཡིས་ངོ་སྤྲོད་བྱས་པ་དང་། ཞིབ་འཇུག་བྱས་པ་བརྒྱུད། མིག་སྔའི་རིམས་ནད་ཀྱི་དུས་བབ་དང་སྔོན་འགོག་ཚོད་འཛིན་བྱ་བའི་དགོས་མཁོ་ལྟར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་འཚོག་པའི་དུས་ཚོད་འོས་འཚམ་སྒོས་རྗེས་ལ་བསྣུར་རྒྱུ་དེ་རྩ་ཁྲིམས་ཀྱི་རྩ་དོན་དང་དགོངས་དོན་དང་མཐུན་ལ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་ཡང་མཐུན་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།