ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་པེ་ཅིན་ཧེ་ཏེན་ས་ཁུལ་དུ་ཕེབས་ཏེ་སྨན་བཅོས་འགོག་སྲུང་དངོས་རྫས་ཐོན་སྐྱེད་འདོན་སྤྲོད་འགན་སྲུང་གནས་ཚུལ་ལ་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་པེ་ཅིན་ཧེ་ཏེན་ས་ཁུལ་དུ་ཕེབས་ཏེ་སྨན་བཅོས་འགོག་སྲུང་དངོས་རྫས་ཐོན་སྐྱེད་འདོན་སྤྲོད་འགན་སྲུང་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལྟར། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་བར་གྱི་མཉམ་ལས་རོགས་ལས་ལ་སྐུལ་འདེད་གཏོང་བ། སྨན་བཅོས་འགོག་སྲུང་དངོས་རྫས་ཐོན་ཚད་སྔར་ལས་རྒྱ་བསྐྱེད་ནས་ནུས་ལྡན་སྒོས་རིམས་ནད་འགོག་བཅོས་ཚོད་འཛིན་དང་གོ་རིམ་ལྡན་པར་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་དགོས་མཁོ་འགན་སྲུང་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་སྨན་བཅོས་འགོག་སྲུང་ལྭ་བ་དང་ཁ་ཐུམ་སོགས་ཐོན་སྐྱེད་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཁོང་གིས་བསྟན་དོན། རིམས་ནད་འགོག་བཅོས་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། སྨན་བཅོས་འགོག་སྲུང་དངོས་རྫས་འདོན་སྤྲོད་བྱས་པ་དེས་སྟོབས་དང་ལྡན་པའི་འདེགས་ཤུགས་ནུས་པ་བཏོན། ད་ལྟ་རིམས་ནད་འགོག་བཅོས་བྱ་བ་དེ་གནད་འགག་དུས་སྐབས་སུ་གནས་ཡོད་པས། ས་གནས་སོ་སོས་གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པར་ཡང་ཁ་ཐུམ་སོགས་རིམས་ནད་འགོག་བཅོས་དངོས་རྫས་གང་མང་མཁོ་བ་ཡིན། འབྲེལ་ཡོད་ལས་ཁུངས་ཀྱིས་མུ་མཐུད་དུ་མཐུན་སྦྱོར་ཞབས་ཞུའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་པ་དང་ཐོན་ནུས་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱས་ནས། སྨན་བཅོས་འགོག་སྲུང་དངོས་རྫས་འདོན་སྤྲོད་བཟང་བོ་བྱེད་པ་འགན་སྲུང་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།