ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཝུའུ་ཧན་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་མཚམས་སྦྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གི་ཁོངས་མིས་ཀྲུང་དབྱང་གི་ཧུའུ་པེ་རུ་སོང་བའི་མཛུབ་སྟོན་ཚན་ཁག་གིས་རྩ་འཛུགས་བྱས་ཏེ་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བསྒྲུབས་པའི་གནས་ཚུལ་མཚམས་སྦྱོར་བྱས།

ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གི་ཁོངས་མིས་མཚམས་སྦྱོར་བྱས་པ་ལྟར་ན། གློ་བུར་དུ་བྱུང་བའི་ནད་ཡམས་འདི་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་གྱི་རྒྱུན་ལྡན་མིན་པའི་དམག་འཐབ་ཅིག་ཡིན་ལ། ནད་དུག་གི་ཤུགས་ཆེ་ཚད་དང་ནད་འགོས་ཀྱི་ཚབས་ཆེ་ཚད། འགོས་མཆེད་ཀྱི་རྒྱ་ཆེ་ཚད། སྤྱི་ཚོགས་ཡོངས་འཕྲད་པའི་འགྲན་རྩོད་ཆེ་ཚད་བཅས་ནི་སྔ་ན་མེད་པ་ཞིག་རེད་ཟེར།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག་ཏུ། འཐབ་ས་དང་བོའི་སྨན་བཅོས་ནད་གཡོག་མི་སྣར་མཁོ་བའི་སྨན་བཅོས་དངོས་རྫས་གལ་ཆེན་གྱི་རིགས་ལ་འགན་སྲུང་བྱེད་ཐུབ་ཡོད་ལ། འཚོ་བའི་དངོས་རྫས་ཀྱི་མཁོ་འདོན་ཕལ་ཆེར་འདང་ཚིམ་པ་ཡོད་ཟེར།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ཀྲུང་ལུགས་སྨན་རྫས་རིམས་ནད་འགོག་བཅོས་ཚོད་འཛིན་ཁྲོད་ཞུགས་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།