ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ས་གནས་ཁག་གིས་སྔོན་གཤེགས་དཔའ་བོར་རེ་འདུན་ཞུ་བའི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཞི་བཏོན་པ། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་མི་དོན་ཟི་ཡི་ཟི་ཀྲང་གཞོན་པ་ཏོན་ཡུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་ཐོག དམག་དཔུང་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་དང་ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་གཉིས་ཀྱིས་ཉེ་ཆར་མཉམ་འབྲེལ་ཐོག《ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བའི་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་རྣམས་ལ་བསྔགས་བརྗོད་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཕྲལ་མར་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་སྨན་ལས་མི་སྣ་རྣམས་སྔོན་གཤེགས་དཔའ་བོར་རེ་འདུན་ཞུ་བའི་བྱ་བར་ཞིབ་འཇུག་བྱས་པ་མ་ཟད། ཚེས18ཉིན་ས་གནས་ཁག་ཏུ་སྔོན་གཤེགས་དཔའ་བོར་རེ་་འདུན་ཞུ་བའི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་བརྡ་ཐོ་བཀྲམ་ནས་བླང་བྱ་ཁག་བཞི་བཏོན་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།