ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཧུའུ་པེ་ཝུའུ་ཧན་གྱི་རིམས་ནད་འགོག་བཅོས་བྱ་བར་མཛུབ་སྟོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་ཆེད། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་བསྟུད་མར་ཉིན་འགའི་རིང་ལ་ས་གནས་ཀྱིས་ཐབས་བརྒྱ་ཇུས་སྟོང་སྒོས་ནད་པ་མྱུར་སྐྱོབ་བྱེད་པར་མཛུབ་སྟོན་བྱས་ཏེ། ནད་པ་བསྡུ་ལེན་དང་སྨན་བཅོས་བྱེད་ཚད་དང་ནད་པ་དྲག་ཚད་མཐོར་འདེགས་སུ་བཏང་བ་དང་རིམས་ནད་འགོས་ཚད་དང་ཤི་ཚད་ཇེ་དམའ་རུ་བཏང་།

ནད་པ་ལྗིད་མོ་དང་ནད་པ་ཡང་མོའི་མྱུར་སྐྱོབ་བྱ་བར་ཤུགས་སྣོན་ཆེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཁྲིད་དེ་རིམས་ནད་འགོག་བཅོས་བྱ་བའི་འཐབ་ཕྱོགས་དང་པོར་སོང་ནས་སྨན་བཅོས་མི་སྣར་འཚམས་འདྲི་ཞུས་པ་དང་། སྨན་ཁང་གི་ཆེད་མཁས་པའི་ཚོགས་པའི་བསམ་འཆར་དང་བསམ་ཚུལ་ལ་ཉན་པར་མ་ཟད། འབྲེལ་ཡོད་ལས་ཁུངས་ཀྱིས་འགན་སྲུང་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན།

སུན་ཁྲུན་ལན་གྱིས་བཤད་རྒྱུར། ཧུའུ་པེ་ཝུའུ་ཧན་གྱི་རིམས་ནད་འགོག་བཅོས་ཐད་ལ་འགྱུར་ལྡོག་མངོན་གསལ་བྱུང་ནའང་གནས་བབ་སྔར་ལས་ཛ་དྲག་ཆེ། མྱུར་སྐྱོབ་བྱ་བ་སྒྲུབ་སྐབས་ངེས་པར་དུ་འགག་སྒོ་གཏན་སྲུང་བྱས་ཏེ་ནད་པ་ཡང་མོ་ནད་པ་ལྗིད་མོ་རུ་འགྱུར་བ་སྔོན་འགོག་བྱེད་དགོས། སྒྲོམ་ཤག་སྨན་ཁང་དང་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་སའི་སྨན་བཅོས་མྱུར་སྐྱོབ་བྱ་བར་ཤུགས་སྣོན་པ་དང་ཀྲུང་ལུགས་དང་ཕྱི་ལུགས་ཟུང་འབྲེལ་བྱས་ཏེ་མྱུར་སྐྱོབ་བྱ་བའི་ཐད་ནས་རྒྱལ་ཁ་ལེན་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།