ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་རྒྱལ་ཁབ་སློབ་གྲྭ་འབྲིང་ཆུང་གི་དྲ་རྒྱའི་སྤྲིན་ཚོགས་ལས་སྟེགས་ཀྱི་དྲ་ངོས་ལ་བཤེར་ལྟ་བྱེད་ཐེངས་ཁྲི2300ཟིན་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཧྲི་ཡུན་ཚིན།   སྤེལ་དུས། : 2020-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཁྱིམ་སྡོད་སློབ་སྦྱོང་ལ་ཞབས་འདེགས་ཞུ་ཆེད། ཟླ2ཚེས17ཉིན་སློབ་གསོ་པུའུ་ཡིས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་མཉམ་དུ་རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་དྲ་རྒྱའི་སྤྲིན་ཚོགས་ལས་སྟེགས་དངོས་སུ་བཙུགས་ནས་ས་གནས་ཁག་གིས་རང་དགར་ངང་གདམ་ག་དང་བེད་སྤྱོད་བྱ་རྒྱུར་རིན་མེད་ཀྱིས་མཁོ་འདོན་བྱས་པ་རེད། ཚེས19ཉིན་གྱི་ཆུ་ཚོད12བར་སྤྲིན་ཚོགས་ལས་སྟེགས་ཀྱི་དྲ་ངོས་བཤེར་ལྟ་བྱེད་ཐེངས་ཁྲི2300དང་མི་ཐེངས་ཁྲི1500ལ་སླེབས་པ་མ་ཟད། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ལ་ཁྱབ་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་དྲ་རྒྱའི་སྤྲིན་ཚོགས་ལས་སྟེགས་ཀྱིས་རྒྱལ་ཁབ་དང་། འབྲེལ་ཡོད་ས་གནས། སློབ་གྲྭ་བཅས་ཀྱི་འབྲེལ་ཡོད་སྤུས་ལེགས་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལུས་སེམས་ཀྱི་ཁྱད་ཆོས་དང་སློབ་སྦྱོང་གི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ། རིམས་འགོག་བྱེད་རིང་ཁྱིམ་དུ་སློབ་སྦྱོང་དང་དྲ་རྒྱའི་སློབ་སྦྱོང་གི་དགོས་མཁོ་དངོས་ལ་དམིགས་པ། ལས་སྟེགས་སྤྱོད་པའི་སྟབས་བདེ་དང་མཛའ་གྲོགས་རང་བཞིན་བཅས་ལ་མཐོང་ཆེན་བྱས་ཡོད། ཐོན་ཁུངས་ཀྱི་ནང་དོན་ལ་གཙོ་བོ་རིམས་འགོག་སློབ་གསོ་དང་། ཀུན་སྤྱོད་སློབ་གསོ། ཆེད་དོན་སློབ་གསོ། སློབ་ཚན་སློབ་སྦྱོང། གློག་རྡུལ་སློབ་དེབ། གློག་བརྙན་དང་བརྙན་འཕྲིན་སློབ་གསོ་བཅས་ཁག6ཡོད་པ་མ་ཟད། རླུང་འཕྲིན་ལུས་སྦྱོང་དང་མིག་སྲུང་ལུས་རྩལ་སོགས་ཀྱི་ནང་དོན་ཡང་ཚུད་ཡོད་པ་རེད།

  དེ་དང་ཆབས་ཅིག་སློབ་གསོ་པུའུ་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་གཉིས་ཀྱིས་ལས་སྟེགས་འགན་ལེན་དང་འཕྲལ་སྡོམ་ལས་ཀའི་ལམ་སྲོལ་བཙུགས་ནས་རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་དྲ་རྒྱའི་སྤྲིན་ཚོགས་ལས་སྟེགས་འཁོར་སྐྱོད་བྱེད་པར་འགན་ལེན་དང་། འཕྲལ་སྡོམ་བཀོད་འདོམས་དང་འབྲེལ་བ་ཡོད་པའི་བྱ་བར་སྤྱིའི་ཆ་ནས་མཐུན་སྦྱོར་ཐག་གཅོད་བྱས་པ་རེད།

 གཞན་ཡང་། སློབ་ཆུང་སློབ་མའི་དྲ་ཞུགས་དུས་ཚོད་ཇེ་ཐུང་དུ་གཏོང་བ་དང་སློབ་མའི་མིག་ཤེད་ལ་སྲུང་སྐྱོང་བྱ་ཆེད། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་རྒྱབ་སྐྱོར་ཤུགས་ཆེན་འོག་ཀྲུང་གོ་སློབ་གསོ་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་བཞི་པའི་མཁའ་དབྱིངས་སློབ་ཚན་ལས《མཉམ་དུ་སློབ་ཁྲིད་ལ་ཞུགས་པ》ཞེས་པའི་སློབ་ཁྲིད་བྱེད་སྟངས་ལྟར་སློབ་ཆུང་གི་ལོ་རིམ་ཁག་གི་སློབ་ཚན་དང་། དམའ་གསུམ་དང་མཐོ་གསུམ་སློབ་མའི་སློབ་སྦྱོང་གི་ནང་དོན་གཏོང་རྒྱུ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།