རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་ཚན་རིག་དང་མཐུན་པར་འགོག་བཅོས་བྱེད་པ་དང་གནད་ཕིགས་སྲིད་ཇུས་ལག་བསྟར་བྱེད་པ། ས་ཁུལ་དང་རིམ་པ་བཀར་ནས་ཏོག་གསར་གློ་ཚད་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་ཚན་རིག་དང་མཐུན་པར་འགོག་བཅོས་བྱེད་པ་དང་གནད་ཕིགས་སྲིད་ཇུས་ལག་བསྟར་བྱེད་པ། ས་ཁུལ་དང་རིམ་པ་བཀར་ནས་ཏོག་གསར་གློ་ཚད་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

མཛུབ་སྟོན་བསམ་འཆར་ལས་བསྟན་དོན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་གི་གནད་ས་འབུར་དུ་ཐོན་པར་བྱེད་པ་དང་གཅིག་གྱུར་སྒོས་འཆར་འགོད་དང་ལྟ་རྟོག་བྱེད་པ། རིགས་བཀར་ནས་མཛུབ་སྟོན་དང་ས་ཁུལ་བཀར་ནས་སྲིད་ཇུས་ལག་བསྟར་བྱེད་པའི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། འགོས་ནད་འགོག་བཅོས་བཅའ་ཁྲིམས་དང་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་འཕྲལ་བསྟུན་སྲོལ་ཡིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ་ས་ཁུལ་དང་རིམ་པ་བཀར་ནས་འགོག་བཅོས་བྱེད་པ་དང་། གཅིག་གྱུར་སྒོས་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་སླར་གསོ་བྱེད་པར་འཆར་འགོད་བྱེད་དགོས་ཟེར།

མཛུབ་སྟོན་བསམ་འཆར་ལས། ས་གནས་སོ་སོས་ཁྱད་པར་ཅན་གྱི་རྫོང་ཁོངས་འགོག་སྲུང་དང་དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་སླར་གསོ་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱེད་དགོས་པའི་རེ་བ་བཏོན་ཡོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།