ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁ་རེ་ཤེ་ཡའི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ཐུང་སྨི་ལ་ནུའོ་ཝུའེ་ཆི་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙོ་ལན·སྨི་ལ་ནོ་ཝེ་ཆི་ལ་ཁ་རེ་ཤེ་ཡའི་ཙུང་ཐུང་ལ་བསྐོ་གཞག་བྱས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཁ་རེ་ཤེ་ཡ་དང་ཀྲུང་གོ་རྒྱབ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད་པས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སྒྲོམ་གཞིའི་ནང་མཉམ་ལས་ཡག་པོ་བྱས་ཡོད། ཁ་རེ་ཤེ་ཡ་ནི་ཡོ་རོབ་མནའ་འབྲེལ་ཁྲོད་ཀྱི་ཀྲུང་གོའི་གྲོགས་པོ་བཟང་པོ་ཡིན་པ་དང་། ཡོ་རོབ་གནའ་འབྲེལ་རེས་མོས་ཀྱིས་བསྐོ་བཞག་བྱས་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བཞིན་ཡོད། ངས་ཀྲུང་གོ་དང་ཁ་རེ་ཤེ་ཡའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཙུང་ཐུང་སྨི་ལ་ནུའོ་ཝུའེ་ཆི་དང་མཉམ་དུ་འབད་བརྩོན་བྱས་ནས་ཕྱོགས་གཉིས་པོའི་མཛའ་གྲོགས་དང་གཉིས་ཁེ་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་བྱས་རྗེས་གསར་པ་འཇོག་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།