རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར2.3བཏང་སྟེ་ཝུའུ་ཧན་གྲོང་ཁྱེར་སྟབས་བསྟུན་སྨན་ཁང་དུ་ནད་པ་ཉར་ནས་སྨན་བཅོས་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས16ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། ཉིན་ཤས་གོང་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར2.3མུ་མཐུད་བཏང་ནས་ཝུའུ་ཧན་གྲོང་ཁྱེར་སྟབས་བསྟུན་སྨན་ཁང་གི་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ་དང་། དགོས་ངེས་ཀྱི་སྨན་བཅོས་སྒྲིག་ཆས་མང་དུ་གཏོང་བ། སྟབས་བསྟུན་སྨན་ཁང་དུ་ནད་པ་ཉར་ནས་སྨན་བཅོས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།