ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་རིམས་ནད་འགོག་བཅོས་སྐབས་སུ་དམིགས་ཡུལ་ཡོད་པའི་སྒོ་ནས་དགེ་རྒན་གྱི་བྱ་བ་བཟང་བོར་བསྒྲུབ་པའི་དོན་དག་འགའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར། སློབ་གསོ་པུའུ་ཡིས་རིམས་ནད་འགོག་བཅོས་སྐབས་སུ་དམིགས་ཡུལ་ཡོད་པའི་སྒོ་ནས་དགེ་རྒན་གྱི་བྱ་བ་བཟང་བོར་བསྒྲུབ་པའི་དོན་དག་འགའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོ་རུ་བྱས་རྗེས་འབུར་ཐོན་བཞག་པའི་དགེ་རྒན་ལ་གཟེངས་བསྟོད་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོ་ན་ཡོད་པའི་སྨན་བཅོས་མི་སྣའི་བྱིས་པར་ཐུགས་ཁུར་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

བརྡ་ཐོའི་ནང་བསྟན་དོན། རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོ་རུ་འབུར་ཐོན་བྱས་རྗེས་བཞག་པའི་དགེ་རྒན་ལ་གཟེངས་བསྟོད་བྱེད་པའི་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་བ་དང་། རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོ་ན་ཡོད་པའི་སྨན་བཅོས་མི་སྣའི་བྱིས་པར་ཐུགས་ཁུར་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས། མཐོ་རིམ་སློབ་གྲྭའི་བཅོས་སྒྱུར་གསར་སྐྲུན་སྨན་རྫས་འཕྲོད་བསྟེན་སོགས་འབྲེལ་ཡོད་བསླབ་ཚན་ཁྱབ་ཁོངས་ཀྱི་དགེ་རྒན་གྱི་ཚན་ཞིབ་གདེང་འཇོག་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་པ་དང་། ཆེད་མཁས་པའི་ཚོགས་ཁག་དང་སྣེ་ཁྲིད་ཤེས་ལྡན་མི་སྣས་བློ་གྲོས་གཅིག་སྡུད་བྱས་ནས་འགོག་རྒོལ་བྱེད་པར་སྐུལ་མ་གཏོང་དགོས། དུས་ཐོག་ཏུ་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོ་ན་ཡོད་པའི་སྨན་བཅོས་མི་སྣའི་བྱིས་པའི་འཚོ་བ་དང་སློབ་སྦྱོང་གི་དཀའ་ཁག་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོ་ན་ཡོད་པའི་མི་སྣ་དང་ལྷག་པར་དུ་སྨན་བཅོས་མི་སྣའི་བྱིས་པར་ལྟ་སྐྱོང་བཟང་བོ་བྱེད་པ་དང་སློབ་གསོ་བཏང་ནས། འཐབ་ཕྱོགས་དང་པོ་ན་ཡོད་པའི་མི་སྣའི་སེམས་ཁྲལ་སེལ་རོགས་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།