རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མ་དངུལ་སྒོར་དུང་ཕྱུར་གཉིས་ལྷག་བཏང་སྟེ་ཝུའུ་ཧན་སྒྲོམ་ཤག་སྨན་ཁང་གི་སྨན་བཅོས་སྒྲིག་ཆས་ཁ་སྣོན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་རེད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པ་དང་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་ཆེད། མིག་སྔར་མུ་མཐུད་དུ་ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ཕྱུངས་ཏེ་ཝུའུ་ཧན་གྲོང་ཁྱེར་གྱི་སྒྲོམ་ཤག་སྨན་ཁང་གི་སྒྲིག་ཆས་འཐུང་ཚང་དུ་གཏོང་བ་དང་ངེས་པར་དུ་མཁོ་བའི་སྨན་བཅོས་སྒྲིག་ཆས་ཁ་སྣོན་བྱེད་པར་རྒྱབ་སྐྱོར་བྱས་ནས། སྒྲོམ་ཤག་སྨན་ཁང་གི་ནད་པ་བསྡུ་ལེན་དང་ནད་པར་སྨན་བཅོས་བྱེད་པའི་ནུས་པ་ཇེ་ཆེར་གཏོང་རྒྱུ་ཞེས་ནན་གྱིས་བསྟན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།