ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་རིམས་ནད་འགོག་བཅོས་ཀྱི་གནས་ཚུལ་གསར་བ་མཚམས་སྦྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་རིམས་ནད་འགོག་བཅོས་ཀྱི་གནས་ཚུལ་གསར་བ་མཚམས་སྦྱོར་བྱས་ནས་ནད་པ་ལྗི་མོ་ཡིས་ནད་ངོས་བཟུང་བའི་ནད་པ་ལས་ཟིན་པའི་བསྡུར་ཚད་མངོན་གསལ་སྒོས་ཇེ་དམའ་རུ་སོང་ཞེས་བསྟན།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཚེས་བཅོ་ལྔ་ཉིན་གྱི་དུས་ཚོད་ཉེར་བཞིའི་བར་དུ་ཝུའུ་ཧན་དང་ཧུའུ་པེ་ལས་གཞན་པའི་གྲོང་ཁྱེར་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་གཞན་པའི་ནད་པ་ལྗི་མོ་ཡིས་ནད་ངོས་བཟུང་བའི་ནད་པ་ལས་ཟིན་པའི་བསྡུར་ཚད་མངོན་གསལ་སྒོས་ཇེ་དམའ་རུ་སོང་བ་དང་། དེའི་ནང་དུ་ཝུའུ་ཧན་གྱི་ནད་པ་ལྗི་མོ་ཡིས་ནད་ངོས་བཟུང་བའི་ནད་པ་ལས་ཟིན་པའི་བསྡུར་ཚད་དེ་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གྱི་བརྒྱ་ཆེའི་སོ་གཉིས་ལྷག་ནས་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་བརྒྱ་ཆའི་ཉེར་གཅིག་ལྷག་ལ་ཇེ་དམའ་རུ་སོང་བ་དང་། ཧུའུ་པེ་ཞིང་ཆེན་གྱི་གྲོང་ཁྱེར་གཞན་པའི་ནད་པ་ལྗི་མོ་ཡིས་ནད་པ་ངོས་བཟུང་བའི་ནད་པ་ལས་ཟིན་པའི་བསྡུར་ཚད་དེ་ཟླ་དང་པོའི་ཚེས་ཉེར་བདུན་ཉིན་གྱི་བརྒྱ་ཆའི་བཅོ་བརྒྱད་ལྷག་ནས་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་བརྒྱ་ཆའི་བཅུ་གཅིག་ལྷག་ལ་ཇེ་དམའ་རུ་སོང་ཞིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་གཞན་པའི་ནད་པ་ལྗི་མོ་ཡིས་ནད་ངོས་བཟུང་བའི་ནད་པ་ལས་ཟིན་པའི་བསྡུར་ཚད་དེ་ཟླ་དང་པོའི་ཚེས་ཉེར་བདུན་ཉིན་གྱི་བརྒྱ་ཆའི་བཅོ་ལྔ་ལྷག་ནས་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་བརྒྱ་ཆའི་བདུན་ལྷག་ལ་ཇེ་དམའ་རུ་སོང་། གོང་གི་གྲངས་ཀའི་འགྱུར་ལྡོག་དེ་ལས་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་རིམས་ནད་འགོག་བཅོས་གྲུབ་འབྲས་མངོན་གསལ་ཡིན་པ་བདེན་དཔང་བྱས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།