དམངས་སྲིད་པུའུ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ་རོགས་སྐྱོབ་དོ་དམ་སྒྲིག་གཞི་ཐད་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས་ཞེས་བསྟན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར་དམངས་སྲིད་པུའུ་ཡིས《དམངས་སྲིད་པུའུ་གཞུང་ལས་ཐིང་གིས་འཚོ་བར་རྟེན་ས་མེད་པའི་སྤྲང་འཁྱམ་རིགས་ཀྱི་རོགས་སྐྱོབ་དོ་དམ་སྒྲིག་གཞི་དང་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་སྔར་ལས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ》པར་སྐྲུན་འགྲེམ་སྤེལ་བྱས། 《འཚོ་བའི་རྟེན་ས་མེད་པའི་སྤྲང་འཁྱམ་རིགས་ཀྱི་རོགས་སྐྱོབ་དོ་དམ་སྒྲིག་གཞི་དང་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཕྱོགས་སྟོན》(གཤམ་དུ《བྱ་བའིའི་ཕྱོགས་སྟོན》ཞེས་བསྡུ་རྒྱུ)བཀྲམ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྐབས་སུ་སྤྲང་འཁྱམ་རིགས་ཀྱི་རོགས་སྐྱོབ་དོ་དམ་བྱ་བ་ཡག་པོ་བསྒྲུབ་དགོས་པར་བླང་བྱ་བཏོན་པ་རེད།

 ད་ཐེངས་ཁྱབ་བསྒྲགས་བྱས་པའི《བྱ་བའི་ཕྱོགས་སྟོན》དེ་སྤྱད་འཐུས་ཀྱི་ཁྱབ་ཁོངས་དང་ལས་ཀའི་བརྒྱུད་རིམ། མངག་བཅོལ་སྒྲིག་གཞི། མཉམ་ལས་སྨན་བཅོས་ཀྱི་སྒྲིག་གཞི་ལ་ལྟ་སྐུལ་དོ་དམ། འཕྲོད་བསྟེན་འགོག་སྲུང། རྩ་འཛུགས་འགོ་ཁྲིད་སོགས་ཕྱོགས5ཡི་ནང་དོན་འདུས་ཡོད་ལ། དེ་འབྲེལ་ཀྱི་ཞིབ་ཕྲའི་བྱེད་ཐབས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐབས་ཀྱི་རོགས་སྐྱོབ་དོ་དམ་བྱ་བའི་ནང་དོན་ཕལ་ཆེ་བ་འདུས་ཡོད་པས། གཞི་རིམ་དམངས་སྲིད་སྡེ་ཁག་དང་རོགས་སྐྱོབ་དོ་དམ་སྒྲིག་གཞིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་ཡག་པོ་སྤེལ་པར་མཛུབ་ཁྲིད་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད།

《བྱ་བའི་ཕྱོགས་སྟོན》ནང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྐབས་སུ་རོགས་སྐྱོབ་དོ་དམ་སྒྲིག་གཞིའི་རོགས་སྐྱོབ་དུས་ཚོད་ཉིན14བར་ཇེ་རིང་དུ་གཏོང་ཆོག་པ་དང་། རོགས་སྐྱོར་བྱེད་པའི་དུས་ཚོད་ལོངས་རྗེས་བྱ་བའི་དོན་དངོས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་དངོས་ལ་གཞིགས་ནས་རོགས་སྐྱོབ་དུས་ཚོད་མུ་མཐུད་དུ་ཇེ་རིང་དུ་གཏོང་ཆོག་ཅེས་གཏན་འབེབས་བྱས་ཡོད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།