ཟླ2པའི་ཚེས13ཉིན་རྒྱལ་ཡོངས་སུ་བསྡོམས་རྩིས་བྱས་ན་ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ63851ཡོད་པ་དང་ཚེ་འདས་ནད་པ1380ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས13ཉིན་གྱི་ཆུ་ཚོད0ནས24ཡི་རིང་། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ5090གིས་མང་དུ་ཕྱིན་པ་དང་།  ནད་པ་ལྕི་མོ2174ཡིས་མང་དུ་ཕྱིན་ཡོད་ལ། ཚེ་འདས་ནད་པ121(ཧུའུ་པུའེ་རུ116དང་ཧོས་ལུང་ཅང་དུ2ཡོད། ཨན་ཧོས། ། ཧུ་ནན། ཁྲུང་ཆིན་བཅས་སོ་སོར1རེ་ཡོད།) གིས་མང་དུ་ཕྱིན་ཡོད། དོགས་ཡོད་ནད་རྟགས་ཡོད་པའི་ནད་པ2450གྱིས་མང་དུ་ཕྱིན་ཡོད། ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ1081གིས་མང་དུ་ཕྱིན་ཡོད་པ་དང་། འབྲེལ་འདྲིས་ཡོད་མཁན་མི26905ལ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག

ཟླ2པའི་ཚེས13ཉིན་གྱི་ཆུ་ཚོད24ཡི་བར་དུ། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ད་ལྟ་ནད་རྟགས་ཐག་བཅད་པའི་ནད་པ55748(དེའི་ནང་ནད་པ་ལྕི་མོ10204)ཡོད་པ་དང་། བསྡོམས་རྩིས་བྱས་ན་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ6723ཡོད་ལ། (ཧུའུ་པུའེ་རུ269ཡིས་ཇེ་ཉུང་དུ་ཕྱིན།བསྡོམས་རྩིས་བྱས་ན་ཚེ་འདས་ནད་པ1380ཡོད། (ཧུའུ་པུའེ་ཡིས་ཡང་བསྐྱར་བསྡོམས་རྩིས་བྱས་པར་ནད་པ108ཀྱིས་ཇེ་ཉུང་དུ་ཕྱིན།བསྡོམས་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་ནད་པ63851ཡོད། (ཧུའུ་པུའེ་རུ་ནད་པ1043གྱིས་ཇེ་ཉུང་དུ་ཕྱིན།ད་ལྟ་དོགས་ཡོད་ནད་རྟགས་ཡོད་པའི་ནད་པ10109བཅས་ཡོད་པ་དང་། བསྡོམས་རྩིས་བྱས་ན་འབྲེལ་འདྲིས་ཡོོད་པའི་མི493067གི་རྗེས་འདེད་ཐུབ་ཡོད་པ་མ་ཟད། ད་དུང་འབྲེལ་འདྲིས་ཡོད་པའི་མི177984ལ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད།  

བསྡོམས་རྩིས་བྱས་ན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་ནད་རྟགས་ཐག་བཅད་པའི་ནད་པ81ཡོད་སྟེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ53(ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1ཡོད་པ་དང་། ཚེ་འདས་ནད་པ1)ཡོད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ10ཡོད་ལ། (ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ3ཡོད།ཐའེ་ཝན་ས་ཁུལ་དུ་ནད་པ18(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1ཡོད།)བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།