ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཆོག་མཆན་བཀོད་པ་བརྒྱུད་དེ། དམག་དཔུང་གིས་སྨན་བཅོས་མི་སྣ་ཉིས་སྟོང་དྲུག་བརྒྱ་མངགས་ཏེ་ཝུའུ་ཧན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་རྒོལ་ཐད་ལ་རོགས་སྐྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་བཀོད་པ་བརྒྱུད་དེ། དམག་དཔུང་གིས་སྨན་བཅོས་མི་སྣ་ཉིས་སྟོང་དྲུག་བརྒྱ་མངགས་ཏེ་ཝུའུ་ཧན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་ཐད་ལ་རོགས་སྐྱོར་བྱས། ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་སྐོར་དང་པོའི་སྨན་བཅོས་མི་སྣ་སྐྱེལ་འདྲེན་གནམ་གྲུ་བཅུ་གཅིག་ལ་བསྡད་ནས་ཝུའུ་ཧན་གྲོང་ཁྱེར་ལ་ཐོན།

ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར། མཁའ་དམག་གི་སྐྱེལ་འདྲེན་གནམ་གྲུ་བཅུ་གཅིག་ཝུའུ་ལུའུ་མུའུ་ཆི་སོགས་གནམ་གྲུ་ཐང་བདུན་ནས་ལམ་ལ་ཆས་ཏེ་ཧུའུ་པེ་ལ་རོགས་སྐྱོར་བྱེད་པའི་མཁའ་དམག་གི་སྨན་བཅོས་རུ་ཁག་གི་རུ་མི་དང་དངོས་རྫས་བསྐྱལ། དེ་དང་མཉམ་དུ་ཁྲུན་ཆིན་ཅང་པེ་གནམ་གྲུ་ཐང་དང་ཁྲིན་ཏུའུ་ཧྲོང་ལིག་གནམ་གྲུ་ཐང་། ཐེན་ཅིན་པེན་ཧེ་གནམ་གྲུ་ཐང་། ཀྲང་ཅ་ཁུག་གནམ་གྲུ་ཐང་། ཟི་ལིང་ཚའོ་ཅ་པུའུ་གནམ་གྲུ་ཐང་བཅས་ནས་སྐྱེལ་འདྲེན་གནམ་གྲུ་གང་མང་གིས་ཀྱང་ས་གནས་རང་གི་སྨན་བཅོས་མི་སྣ་དང་དངོས་རྫས་ཀྱི་སྐྱེལ་འདྲེན་ལས་འགན་ཡོངས་འགྲུབ་བྱས།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་། སྐྱེལ་འདྲེན་གནམ་གྲུ་བཅུ་གཅིག་པོ་འཕྲོ་རིམ་འཕྲོར་ཝུའུ་ཧན་གྲོང་ཁྱེར་དུ་ཐོན་པ་དང་། དེ་ནི་མཁའ་དམག་གིས་ཐོག་དང་པོར་སྐྱེལ་འདྲེན་གནམ་གྲུ་མངགས་ཏེ་སྐྱེལ་འདྲེན་ལས་འགན་ཡོངས་འགྲུབ་བྱས་པ་རེད།

ཐེངས་འདིར་རྩ་འཛུགས་བྱས་པའི་སྨན་བཅོས་སྟོབས་ཤུགས་ནི་སྐམ་དམག་དང་མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག་དཔུང་། འཐབ་ཇུས་རོགས་སྐྱོར་དམག་དཔུང་། མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་། དྲག་ཆས་ཉེན་རྟོག་དམག་དཔུང་བཅས་ཀྱི་སྨན་བཅོས་ལས་ཁུངས་ནས་ཡོང་བ་རེད། སྨན་ཁང་གི་ཆ་རྐྱེན་དང་འཛུགས་སྐྲུན་འཕེལ་རིམ་ལྟར། དམག་དཔུང་གི་སྨན་བཅོས་མི་སྣས་སྐོར་བྱས་ནས་རོགས་སྐྱོར་བྱེད་རྒྱུ་ཡིན་པ་དང་། སྐོར་དང་པོའི་སྨན་བཅོས་མི་སྣ་སྟོང་གཅིག་བཞི་བརྒྱ་ཝུའུ་ཧན་ལ་ཐོན་རྗེས། དུས་ཐོག་ཏུ་འབྲེལ་ཡོད་སྨན་བཅོས་མྱུར་སྐྱོབ་བྱ་བ་སྤེལ་འགོ་བརྩམས། མིག་སྔར། དམག་དཔུང་གིས་བསྡོམས་པས་སྐོར་གསུམ་བྱས་ཏེ་སྨན་བཅོས་མི་སྣ་སྟོང་བཞི་ལྷག་མངགས་ནས་ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐད་ལ་རོགས་སྐྱོར་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།