ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཏོག་གསར་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། གནད་ས་འབུར་དུ་ཐོན་པར་བྱེད་པ་དང་གཅིག་གྱུར་སྒོས་འཆར་འགོད་དང་བཀོད་འདོམས་བྱེད་དགོས་ལ། རིགས་བགར་མཛུབ་སྟོན་དང་ས་ཁུལ་བགར་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང་། རྦད་ཆོད་སྒོས་རིམས་ནད་འགོག་བཅོས་ཀྱི་མི་དམངས་དམག་འཁྲུག་དང་སྤྱིའི་དམག་འཁྲུག འགོག་རྒོལ་དམག་འཁྲུག་ཐད་ནས་རྒྱལ་ཁ་ལེན་དགོས་པར་མ་ཟད། ཧུར་ཐག་སྒོས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་ནི་རིམས་ནད་འགོག་བཅོས་ཀྱི་ས་གནས་གཙོ་བོར་འཇོག་དགོས། ཝུའུ་ཧན་གྲོང་ཁྱེར་གྱིས་རིགས་བཞིའི་མི་སྣར་རིགས་བགར་གཅིག་བསྡུས་སྒོས་བསྡུ་ལེན་དང་སྨན་བཅོས་བྱེད་པ་དང་ཡང་ན་ལོགས་སུ་འགར་དགོས་པ་དང་། ཞའོ་ཀན་དང་ཧོང་ཀང་སོགས་ས་ཁུལ་གྱིས་ཝུའུ་ཧན་སོགས་ཀྱིས་ལོགས་སུ་བཀར་ནས་མྱུར་སྐྱོབ་བྱེད་པའི་བྱེད་ཐབས་དེ་སྤྱོད་དགོས། ཧུའུ་པེ་དང་ཝུའུ་ཧན་གྱིས་ནང་ཁུལ་ནས་ནད་ཡམས་འགོ་བར་གཏན་འགོག་བྱེད་པ་དང་ཕྱི་ནས་ནང་ལ་མཆེད་པར་གཏན་འགོག་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་མུ་མཐུད་དུ་མཐུན་སྦྱོར་བྱས་ཏེ་རིམས་ནད་འགོག་བཅོས་ཀྱི་དངོས་ཤུགས་མི་ཤུགས་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རིམས་ནད་འགོག་བཅོས་བྱ་བ་ཕྲ་ཞིང་ཞིབ་པའི་སྒོ་ནས་དངོས་འབེབས་བྱེད་པ་དང་། གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།