ཀྲུང་གོ་བོད་ཀྱི་དྲ་བ།

ཟླ2པའི་ཚེས12ཉིན་རྒྱལ་ཡོངས་སུ་བསྡོམས་རྩིས་བྱས་ན་ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ59804ཡོད་པ་དང་ཚེ་འདས་ནད་པ1367ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས12ཉིན་གྱི་ཆུ་ཚོད0ནས24ཡི་རིང་། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ15152(ཧུའུ་པུའེ་རུ13332)ཀྱིས་མང་དུ་ཕྱིན་པ་དང་།  ནད་པ་ལྕི་མོ174ཡིས་མང་དུ་ཕྱིན་ཡོད་ལ། ཚེ་འདས་ནད་པ254(ཧུའུ་པུའེ་རུ242དང་ཧུ་ནན་རུ2ཡོད། ཐེན་ཅིན་དང་ཧུ་པའེ། ལོའུ་ཉིང་། ཧོས་ལུང་ཅང་། ཨན་ཧོས། ཧྲན་ཏུང་། ཀོང་ཏུང་། ཀོང་ཞིས། ཧའེ་ནན། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་མི་ཚོགས་པ་བཅས་སོ་སོར1རེ་ཡོད།) ཡིས་མང་དུ་ཕྱིན་ཡོད། དོགས་ཡོད་ནད་རྟགས་ཡོད་པའི་ནད་པ2807གྱིསjམང་དུ་ཕྱིན་ཡོད། ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ1171གིས་མང་དུ་ཕྱིན་ཡོད་པ་དང་། འབྲེལ་འདྲིས་ཡོད་མཁན་མི29429ལ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག

ཟླ2པའི་ཚེས12ཉིན་གྱི་ཆུ་ཚོད24ཡི་བར་དུ། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ད་ལྟ་ནད་རྟགས་ཐག་བཅད་པའི་ནད་པ52526(དེའི་ནང་ནད་པ་ལྕི་མོ8030)ཡོད་པ་དང་། བསྡོམས་རྩིས་བྱས་ན་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ5911ཡོད་ལ། བསྡོམས་རྩིས་བྱས་ན་ཚེ་འདས་ནད་པ1367ཡོད། བསྡོམས་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་ནད་པ59804ཡོད། ད་ལྟ་དོགས་ཡོད་ནད་རྟགས་ཡོད་པའི་ནད་པ13435བཅས་ཡོད་པ་དང་། བསྡོམས་རྩིས་བྱས་ན་འབྲེལ་འདྲིས་ཡོོད་པའི་མི471531གི་རྗེས་འདེད་ཐུབ་ཡོད་པ་མ་ཟད། ད་དུང་འབྲེལ་འདྲིས་ཡོད་པའི་མི181386ལ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད།  

བསྡོམས་རྩིས་བྱས་ན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་ནད་རྟགས་ཐག་བཅད་པའི་ནད་པ78ཡོད་སྟེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ50(ཚེ་འདས་ནད་པ1)ཡོད་པ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ10ཡོད་ལ། ཐའེ་ཝན་ས་ཁུལ་དུ་ནད་པ18(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1)བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།