ཀྲུང་གོ་བོད་ཀྱི་དྲ་བ།

པུའུ་ཨུ་གཉིས་ཀྱིས་འཕྲལ་སྡོམ་སྐྱེལ་འདྲེན་འཁོར་རིགས་ཀྱི་འགྲོ་སྐྱོད་ལག་ཁྱེར་སྒྲུབ་ཐབས་སྟབས་བདེ་རུ་གཏོང་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཝེ་ཡུས་ཁུན།   སྤེལ་དུས། : 2020-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཉིས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་སྐྱེལ་འདྲེན་འཁོར་རིགས་ཀྱི་འགྲོ་སྐྱོད་ལག་ཁྱེར་ལེན་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་རྒྱུ་དང་། འཕྲལ་སྡོམ་སྐྱེལ་འདྲེན་འགན་ལེན་མི་སྣར་ཟུར་འཇོག་གི་བྱ་ཐབས་མི་སྤྱོད་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་འགན་ལེན་བྱ་བ་སྔར་ལས་ཡག་པོ་སྒྲུབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁེ་ལས་བསྐྱར་ལས་ཐོན་སྐྱེད་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་ཁག་གི་རིམ་པ་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས“ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་དངོས་རྫས་དང་མི་སྣའི་སྐྱེལ་འདྲེན་རླངས་འཁོར་གྱི་འགྲོ་སྐྱོད་ལག་ཁྱེར”(བསྡུས་མིང་ལ“རླངས་འཁོར་འགྲོ་སྐྱོད་ལག་ཁྱེར”ཞེས་ཟེར)དང“ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཞིང་པ་ལས་མི་རྣམས་ལས་གནས་སུ་ཕྱིར་ལོག་པའི་བོགས་གཏོང་རླངས་འཁོར་གྱི་འགྲོ་སྐྱོད་ལག་ཁྱེར”(བསྡུས་མིང་ལ“བོགས་གཏོང་རླངས་འཁོར་གྱི་འགྲོ་སྐྱོད་ལག་ཁྱེར”ཞེས་ཟེར)ལེན་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་རྒྱུ་དང་། སྲིད་གཞུང་གི་དྲ་ཚིགས་དང་། སྐད་འཕྲིན། གློག་རྡུལ་ཡིག་ཟམ་སོགས་སྟབས་བདེའི་བྱེད་ཐབས་བརྒྱུད“རླངས་འཁོར་འགྲོ་སྐྱོད་ལག་ཁྱེར”དང“བོགས་གཏོང་རླངས་འཁོར་གྱི་འགྲོ་སྐྱོད་ལག་ཁྱེར”གྱི་གཅིག་གྱུར་ལག་ཁྱེར་མཁོ་འདོན་བྱེད་རྒྱུ་རེད།

བརྡ་ཐོའི་ནང་སྐྱེལ་འདྲེན་བྱེད་འགན་འཁུར་མཁན་གྱི་ལས་ཁུངས་དང་ཡང་ན་ཁ་ལོ་བས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གང་རུང་དུ་བསྐྱོད་པར་ཞིབ་མཆན་འགོད་དགོས་པ་མ་ཟད། གོང་གསལ་གྱི་འགྲོ་སྐྱོད་ལག་ཁྱེར་ཐོག་ཐེལ་ཙེ་རྒྱག་དགོས། གོང་གསལ་གྱི་འགྲོ་སྐྱོད་ལག་ཁྱེརཡོད་པའི་འཁོར་རིགས་ལ་འཕྲལ་སྡོམ་སྐྱེལ་འདྲེན་གྱི་ལྗང་མདོག་བགྲོད་ལམ་གྱི་སྲིད་ཇུས་ལག་བསྟར་ནན་མོ་བྱས་ཏེ་འཕྲལ་སྡོམ་སྐྱེལ་འདྲེན་འཁོར་རིགས་གཏོང་མཚམས་འཇོག་མི་ཆོག་པ་དང་། ཞིབ་བཤེར་མི་བྱེད་པ། རིན་བསྡུ་མི་དགོས་པ་བཅས་ཀྱི་བྱ་བར་ཁག་ཐེག་གང་ལེགས་བྱས་ནས་སྔོན་ལ་ཤར་བགྲོད་བྱེད་ཆོག་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  བརྡ་ཐོའི་ནང་། ས་གནས་ཁག་གི་རིམ་པ་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་འཕྲོད་བསྟེན་བདེ་ཐང་སྡེ་ཁག་དང་མཉམ་དུ་དུས་ཐུང་ནང་ཧུའུ་པེ་ཞིང་ཆེན་སོགས་རིམས་ནད་གཙོ་གནད་ས་ཁོངས་སུ་དངོས་ཟོག་དབོར་འདྲེན་བྱེད་པའི་ཁ་ལོ་བ་དང་འདོན་འཇུག་ལས་བཟོ་པ་དང་། དེ་མིན་གཞུང་ལམ་དང་ཆུ་ལམ་གྱི་འགྲུལ་སྐྱེལ་བྱེད་མཁན་ཡིན་མོད་ཀྱང་ཝུའུ་ཧན་གྲོང་ཁྱེར་དུ་སྐྱོད་མེད་པའི་ཁ་ལོ་བ་ཡིན་ན་གཟུགས་པོའི་དྲོད་ཚད་ལ་ཞིབ་དཔྱད་ཚད་ལེན་བྱས་པ་གཏན་ཁེལ་དང་མཐུན་པའི་རིགས་ལ་ཁ་ཐུམ་རྒྱག་པ་སོགས་དགོས་ངེས་ཀྱི་འགོག་སྲུང་བྱ་ཐབས་སྤྱོད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཟུར་འཇོག་བྱེད་ཐབས་སྤྱོད་མི་ཆོག་པ་དང་ས་གནས་ཀྱིས་ཟུར་འཇོག་བྱེད་ཐབས་སྤྱད་དེ་འགྲིམ་འགྲུལ་སྐྱེལ་འདྲེན་ལ་ཤུགས་རྐྱེན་བཟོ་མི་ཆོག་ཅེས་ནན་གྱིས་བསྟན། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།