ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཝུའུ་ཧན་གྲོང་ཁྱེར་གྱི་གསར་དུ་འཛུགས་སྐྲུན་བྱས་པའི་སྒྲོམ་ཤག་སྨན་ཁང་སོགས་ཀྱི་རིམས་ནས་འགོག་བཅོས་གནས་ཚུལ་ལ་ལྟ་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རིམས་ནད་འགོག་རྒོལ་གྱི་གནད་འགག་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོར་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་བརྙན་རིས་བརྒྱུད་དེ་ཆེད་དུ་ཀྲུང་དབྱང་འཛུབ་སྟོན་ཚན་ཁག་དང་ཧུའུ་པེ་བཀོད་འདོམས་པུའུ་ཡི་ཡར་ཞུ་ལ་ཉན་ནས་རིམས་ནད་འགོག་བཅོས་བྱ་བའི་ཐད་ལ་བཀོད་སྒྲིག་ཞིབ་མོ་བྱས། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མྱུར་དུ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཁྲིད་དེ་ཝུའུ་ཁྲང་ཆུས་ནན་ཧུའུ་སྲང་ལམ་གྱི་ལོགས་སུ་བཀར་བའི་ལྟ་ཞིབ་བྱེད་ས་དང་གསར་དུ་འཛུགས་སྐྲུན་བྱས་པའི་སྒྲོམ་ཤག་སྨན་ཁང་སོགས་སུ་སོང་སྟེ་ནད་པ་བསྡུ་དགོས་པ་ཅིས་ཀྱང་བསྡུ་ལེན་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། སུན་ཁྲུན་ལན་གྱིས་ནད་པར་གྲ་སྒྲིག་བྱས་པའི་འཚོ་བའི་ཡོ་ཆས་དང་སྨན་བཅོས་སྒྲིག་ཆས་ལ་ལྟ་ཞིབ་བྱས་པ་དང་། ནད་པ་བསྡུ་ལེན་དང་སྨན་བཅོས་བྱས་པ་དང་དེ་མིན་འཚོ་བ་འགན་སྲུང་བྱས་པ་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས། མོས་བསྟན་དོན། བློ་བརྟན་འགྱུར་མེད་སྒོས་ནད་པ་བསྡུ་དགོས་པ་ཅིས་ཀྱང་བསྡུ་ལེན་བྱེད་པ་དང་། ནད་ཁྲི་མྱུར་དུ་ཇེ་མང་དུ་གཏོང་དགོས་པར་མ་ཟད་བསྡུ་ལེན་དང་སྨན་བཅོས་ནུས་པ་ཇེ་ཆེར་བཏང་ནས། ནད་པར་སྨན་བཅོས་བཟང་བོ་བྱེད་ཐུབ་པ་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།