ཀྲུང་གོ་བོད་ཀྱི་དྲ་བ།

ཟླ2པའི་ཚེས11ཉིན་རྒྱལ་ཡོངས་སུ་བསྡོམས་རྩིས་བྱས་ན་ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ44653ཡོད་པ་དང་ཚེ་འདས་ནད་པ1113ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས11ཉིན་གྱི་ཆུ་ཚོད0ནས24ཡི་རིང་། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ2015(ཧུའུ་པུའེ་རུ1638)ཡིས་མང་དུ་ཕྱིན་པ་དང་།  ནད་པ་ལྕི་མོ871(ཧུའུ་པུའེ་རུ897) གིས་མང་དུ་ཕྱིན་ཡོད་ལ། ཚེ་འདས་ནད་པ97(ཧུའུ་པུའེ་རུ94ཡོད་ཅིང་། ཧུ་ནན་དང་ཧོའུ་ནན། ཁྲུང་ཆིན་བཅས་སོ་སོར1རེ་ཡོད།) གྱིས་མང་དུ་ཕྱིན་ཡོད། དོགས་ཡོད་ནད་རྟགས་ཡོད་པའི་ནད་པ3342(ཧུའུ་པུའེ་རུ1685)ཀྱིས་མང་དུ་ཕྱིན་ཡོད། ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ744(ཧུའུ་པུའེ་རུ417)ཡིས་མང་དུ་ཕྱིན་ཡོད་པ་དང་། འབྲེལ་འདྲིས་ཡོད་མཁན་མི30068ལ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག

ཟླ2པའི་ཚེས11ཉིན་གྱི་ཆུ་ཚོད24ཡི་བར་དུ། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ད་ལྟ་ནད་རྟགས་ཐག་བཅད་པའི་ནད་པ38800(དེའི་ནང་ནད་པ་ལྕི་མོ8204)ཡོད་པ་དང་། བསྡོམས་རྩིས་བྱས་ན་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ4740ཡོད་ལ། བསྡོམས་རྩིས་བྱས་ན་ཚེ་འདས་ནད་པ1113ཡོད། བསྡོམས་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་ནད་པ44653ཡོད། ད་ལྟ་དོགས་ཡོད་ནད་རྟགས་ཡོད་པའི་ནད་པ16067བཅས་ཡོད་པ་དང་། བསྡོམས་རྩིས་བྱས་ན་འབྲེལ་འདྲིས་ཡོོད་པའི་མི451462གྱི་རྗེས་འདེད་ཐུབ་ཡོད་པ་མ་ཟད། ད་དུང་འབྲེལ་འདྲིས་ཡོད་པའི་མི185037ལ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད།  

བསྡོམས་རྩིས་བྱས་ན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་ནད་རྟགས་ཐག་བཅད་པའི་ནད་པ77ཡོད་སྟེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ49(ཚེ་འདས་ནད་པ1)ཡོད་པ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ10(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1)ཡོད་ལ། ཐའེ་ཝན་ས་ཁུལ་དུ་ནད་པ18(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1)ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།