ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་པེར་སྤྱི་ཚོགས་ལས་རིགས་ཁག་གིས་སྨན་བཅོས་འགོག་སྲུང་དངོས་རྫས་ཁ་གྲངས་ཁྲི1000ལྷག་ཙམ་ཞལ་འདེབས་བརྒྱབ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧུའུ་པེའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱེད་ཆེད། སྤྱི་ཚོགས་ལས་རིགས་ཁག་གིས་སྨན་བཅོས་འགོག་སྲུང་དངོས་རྫས་ཁ་གྲངས་ཁྲི་1000ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད། དེ་ནི་ཧུའུ་པེ་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཚའོ་ཀོང་ཅིང་གིས་ཚེས་8ཉིན་གྱི་དགོང་མོ་ཧུའུ་པེའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཕྱིར་བསྒྲགས་པའི་ཆ་འཕྲིན་ཞིག་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཧུའུ་པེས་ཀྲུང་དབྱང་དང་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཡོད། ཚའོ་ཀོང་ཅིང་གིས་ཟླ་2ཚེས་7ཉིན་བར་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཁབ་ཀྱི་པུའུ་ཨུད་མང་དག དེ་བཞིན་སྤུན་ཟླའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་བཅས་ཀྱིས་ཧུའུ་པེར་སྨན་བཅོས་དངོས་རྫས་སྣ་ཚོགས་རོགས་སྐྱོར་བྱས་པ་རིམ་རྩིས་བྱས་ན་ཁ་གྲངས་ཁྲི་1000ཡན་ཟིན་པ་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཞལ་འདེབས་བརྒྱབ་པའི་སྨན་བཅོས་འགོག་སྲུང་དངོས་རྫས་ཀྱང་ཁ་གྲངས་ཁྲི་1000ཡན་ཟིན་གྱི་ཡོད་པ་རེད།

སྨན་བཅོས་འགོག་སྲུང་དངོས་རྫས་སྐྱེལ་འདྲེན་བྱེད་རིང་ཧུའུ་པེས་མགྱོགས་མྱུར་སྐྱེལ་ཐུབ་པའི་འགན་ལེན་ནུས་ལྡན་བྱས་ཤིང་། གནད་གཅིག་གིས་གཅིག་ལ་སྦྲེལ་མཐུད་བྱེད་པའི་རྣམ་པ་སྤྱད་དེ། སྨན་བཅོས་དངོས་རྫས་བཟོ་གྲྭ་ནས་ཐོན་པའམ་ཡང་ན་དེ་མཚུངས་ཀྱི་གནམ་ཐང་དང་མེ་འཁོར་བབས་ཚུགས་སུ་འབྱོར་རྗེས་འཐབ་ཕྱོགས་དང་པོར་མགྱོགས་ནས་མྱུར་དུ་འབྱོར་བར་བྱས་ཡོད། སྨན་བཅོས་དངོས་རྫས་བགོ་བཤའ་རྒྱག་པའི་ལས་དོན་ཁྲོད་ཝུའུ་ཧན་ས་ཁུལ་གྱིས་སྔོན་ཚུད་ནས་བགོ་བཤའ་རྒྱག་པའི་བྱ་ཐབས་སྤྱད་ཅིང་། དངོས་རྫས་མ་འབྱོར་གོང་དེ་མཚུངས་ཀྱི་ཆ་འཕྲིན་ལ་གཞིགས་ནས་བགོ་བཤའ་རྒྱག་པའི་རྩ་དོན་གཞིར་བཟུང་། སྔོན་ཚུད་ནས་བགོ་བཤའ་བརྒྱབ་སྟེ་མྱུར་དུ་ཞིབ་བཤེར་དང་མྱུར་དུ་གཏོང་སྤྲོད་བྱེད་པའི་ཐོག་ནས“རླངས་འཁོར་གྱིས་དངོས་ཟོག་སྒུག་པ”ལས“དངོས་ཟོག་གིས་རླངས་འཁོར་སྒུག་མི་དགོས་པ”བྱས་ཡོད། གྲོང་ཁྱེར་དང་ཀྲོའུ་གཞན་དག་ལ་ཆ་མཚོན་ན། ལ་ལས་སྨན་ཁང་ལ་ཐད་ཀར་བསྐྱལ་བ་དང་ལ་ལས་གྲོང་ཁྱེར་དང་ཀྲོའུ་ཡི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་བསྐྱལ་བ་དང་ཞིབ་བཤེར་བྱས་རྗེས་དེ་མཚུངས་ཀྱི་སྨན་ཁང་དུ་བགོ་བཤའ་རྒྱག་གི་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།