ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལས་བྱེད་པའི་གཙོ་ཤུགས་གཤམ་སྒྱུར་བྱས་ནས་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཀྲང་ཞའོ་སུང་།   སྤེལ་དུས། : 2020-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཨན་ཀྲེན་ཁྲོམ་གཞུང་ཨན་ཧྭ་ལི་སྡེ་ཁུལ་དུ་ཕེབས་ཏེ་ཡུལ་དངོས་ནས་གཞི་རིམ་གྱི་འཐབ་ས་དང་པོའི་རིམས་ནད་མཉམ་འགོག་དང་ཚོད་འཛིན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་མ་ཟད། དེར་ཡོད་པའི་སྡེ་ཁུལ་གྱི་བྱ་བ་སྒྲུབ་མཁན་རྣམས་དང་བྱམས་བརྩེའི་ངང་འཚམ་འདྲི་གནང་བ་རེད། ཁོང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བ་ནི་མི་དམངས་གི་དམག་འཁྲུག་ཐེངས་ཤིག་ཡིན་པས་མང་ཚོགས་ལ་ཡིད་ཆེས་དང་མང་ཚོགས་ལ་སྐུལ་སློང་བྱས་ནས་སྡེ་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད“འགོག་རྒོལ་གྱི་ནུས་པ”འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་།   རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ་སྡེ་ཁུལ་གྱི་སྟོབས་ཤུགས་འཐུས་ཚང་དུ་བཏང་ནས་སྡེ་ཁུལ་གྱི་བྱ་བ་སྔར་ལས་ཏན་ཏིག་སྒོས་སྒྲུབ་དགོས་པ་ལས་གཞན། ལས་བྱེད་པའི་གཙོ་གནད་གཤམ་སྒྱུར་དང་སྟོབས་ཤུགས་གཤམ་གཏོང་བྱས་ནས་སྡེ་ཁུལ་གྱི་བྱ་བ་ལ་རོགས་སྐྱོར་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བསྐྲུན་དགོས་ཞེས་བསྟན། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།