ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཝུའུ་ཧན་དང་བརྙན་པར་སྦྲེལ་ནས་ཝུའུ་ཧན་རྒྱལ་ན་ཧུའུ་པེ་རྒྱལ་བ་དང་ཧུའུ་པེ་རྒྱལ་ན་རྒྱལ་ཡོངས་རྒྱལ་བ་ཡིན་ཞེས་གསུངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཀྲང་ཞའོ་སུང་།   སྤེལ་དུས། : 2020-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས10ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་ཏིས་ཐན་སྨན་ཁང་གི་རྒྱང་ཁྲིད་ནད་བརྟག་སྨན་བཅོས་ལྟེ་གནས་ནས་བརྙན་ལམ་བརྒྱུད་ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པར་སྨན་བཅོས་བྱེད་བཞིན་པའི་ཅིན་དབྱིན་ཐན་སྨན་ཁང་དང་། ཞའེ་ཧོ་སྨན་ཁང་། ཧོའོ་ཧྲིན་ཧྲན་སྨན་ཁང་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་པའི་རྒྱ་ཆེའི་སྨན་ལས་བྱ་བ་སྒྲུབ་མཁན་དང་། ལས་བྱེད་ལས་བཟོ་བ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ནི“མེ་ཐོག་གི་ཆུ་གཞུང”ཡིན་པ་རེད་ཅེས་བསྔགས་བརྗོད་གནང་བ་རེད།  ཞི་ཅིན་ཕིང་གིས་མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དེ་ཁ་གཏད་གཅོག་དགོས་པའི་གནད་འགག་གི་དུས་སུ་གནས་ཡོད་པས་ངེས་པར་དུ་མཐའ་འཁྱོངས་བྱས་ཏེ་ཧུའུ་པེའི་སྲུང་སྐྱོང་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོང་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། ཝུའུ་ཧན་རྒྱལ་ན་ཧུའུ་པེ་རྒྱལ་ཐུབ། ཧུའུ་པེ་རྒྱལ་ན་རྒྱལ་ཡོངས་རྒྱལ་ཐུབ་པ་ཡིན་ཞེས་གསུངས་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།