ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་རིམས་ནད་ཚན་རིག་དང་མཐུན་པར་འགོག་བཅོས་བྱེད་པར་ཤུགས་སྣོན་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་རྩོམ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་སྐོ

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་རིམས་ནད་ཚན་རིག་དང་མཐུན་པར་འགོག་བཅོས་བྱེད་པར་ཤུགས་སྣོན་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་རྩོམ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་བཏང་།

བརྡ་ཐོ་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་འགོག་བཅོས་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་ཆེད། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ས་གནས་སོ་སོ་དང་ལས་ཁུངས་སོ་སོ། འབྲེལ་ཡོད་ཁེ་ལས་ཀྱིས་འགན་འཁྲིའི་བསམ་པ་དང་འགན་འཁུར་བསམ་པ་དྲག་པོ་བཅངས་ཏེ། ཚན་རིག་དང་ལུགས་མཐུན། འོས་འཚམ། དོ་དམ་བཀོལ་སྤྱོད་བཅས་ཀྱི་རྩ་དོན་གཏན་འཁེལ་གྱི་དམིགས་ཡུལ་རང་བཞིན་གྱི་བྱེད་ཐབས་ལྟར། ལོ་སར་རྗེས་སུ་ཕྱིར་ལོག་པ་དང་ཁེ་ལས་ཀྱི་ལས་འགོ་བསྐྱར་རྩོམ་དང་ཐོན་སྐྱེད་སླར་གསོ་བྱས་རྗེས་ཀྱི་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། དུས་ཐོག་ཏུ་ལས་འགོ་བསྐྱར་རྩོམ་དང་ཐོན་སྐྱེད་སླར་གསོའི་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་མཐུན་སྦྱོར་སྒོས་ཐག་བཅད་ནས་སྔ་མོ་ནས་རྒྱུན་ལྡན་ཐོན་སྐྱེད་སླར་གསོ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།