ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཚན་བཞིས་རིམས་འགོག་རིང་སྨན་བཅོས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་རིགས་བདུན་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས7ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས《ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་སྨན་དོན་མི་སྣའི་བདེ་འཇགས་འགན་ལེན་དང་སྨན་བཅོས་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་སྨན་བཅོས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ལ་དོགས་ཟོན་དང་ཐག་གཅོད་ཀྱི་ལས་ཀའི་བླང་བྱ་ཁ་གསལ་བཟོས་པ་དང་འབྲེལ། སྨན་བཅོས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་རིགས་བདུན་གྱི་གནས་ཚུལ་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་བཏོན་ཡོད་པ་རེད།

གནས་ཚུལ་རིགས་བདུན་ནི། གཅིག་སྨན་དོན་མི་སྣར་ཉེས་རྡུང་གཏོང་བ་དང་། རྐང་བཙུགས་ནས་གནོད་འཚེ་གཏོང་བ། རྐང་བཙུགས་ནས་གསོད་པའི་རིགས་དང་། གཉིས་གཏུམ་སྤྱོད་དང་འཇིགས་སྐུལ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་སྨན་དོན་མི་སྣའི་མི་ལུས་རང་དབང་ལ་ཁྲིམས་འགལ་ངང་ཚོད་འཛིན་བྱེད་པའམ་ཡང་ན་སྨན་དོན་མི་སྣར་མངོན་སུམ་འཛེམས་མེད་ངང་དམའ་འབེབས་གཏོང་བ་དང་། འཇིགས་སྣང་སྐུལ་བ། སྐྱོན་འདོགས་པའི་རིགས། གསུམ་སྨན་དོན་མི་སྣའི་འགོག་སྲུང་གྱོན་གོས་དབྲལ་བ་དང་ཁ་ཆུ་སྟོར་བ་སོགས་ཀྱི་བྱེད་སྤྱོད་སྤེལ་ནས་སྨན་དོན་མི་སྣར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་རིགས། བཞི་གཏུམ་སྤྱོད་དང་འཇིགས་སྐུལ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནད་ཡམས་བརྟག་ཞིབ་དང་། ལོགས་སུ་འཇོག་པ། སྨན་བཅོས་བྱ་ཐབས་བཅས་དང་ལེན་གཏན་ནས་མི་བྱེད་པའམ་ཡང་ན་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་འགོ་ནད་ཕོག་པའི་ནད་པའི་ཕུང་པོ་ཁྲིམས་བཞིན་ཐག་གཅོད་བྱེད་པར་བཀག་འགོག་བཟོ་བའི་་རིགས། ལྔ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་རྒྱུ་དངོས་ཧམ་ཤེད་ཀྱིས་བཙན་འཕྲོག་བྱེད་པའམ་ཡང་ན་རྐང་བཙུགས་ནས་གཏོར་བརླག་གཏོང་བ་དང་བཟུང་སྤྱོད་བྱེད་པ་མ་ཟད། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་འུར་བརྒྱབ་ནས་ཟིང་ཆ་སློང་བ་དང་། སྒྲིག་འགལ་ངང་ཕུང་པོ་འཇོག་པ། རང་དགར་གདུང་ཁང་བཙུགས་པ། སྒྲིག་ལམ་ཟང་ཟིང་བཟོ་བ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་རྒྱུན་གཏན་བཞིན་སྤེལ་བར་ཤུགས་རྐྱེན་བཟོ་བའི་རིགས། དྲུག་ཁྲིམས་འགལ་ངང་མེ་མདའ་དང་། འབར་མདེལ། དོ་དམ་བྱེད་ཁོངས་སུ་ཚུད་པའི་ཡོ་བྱད་དམ་ཡང་ན་འབར་གས་དང་། འགྱེད་འཕྲོ། དུག་སྐྱོན། རུལ་བསླད་སོགས་ཀྱི་དངོས་པོ་ཁྱེར་ནས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་འཛུལ་བའི་རིགས། བདུན་སྨན་དོན་མི་སྣའི་བདེ་འཇགས་ལ་བཙན་གནོད་གཏོང་བ་དང་སྨན་བཅོས་སྒྲིག་ལམ་ཟང་ཟིང་བཟོ་བའི་གནས་ཚུལ་གཞན་དག་བཅས་ཚུད་ཡོད་པ་རེད།

བརྡ་ཐོའི་ནང་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གོང་གསལ་གྱི་གནས་ཚུལ་ཐོན་རིགས་ལ། བདེ་ཐང་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དུས་ཐོག་ཏུ་མཛུབ་ཁྲིད་བྱེད་དགོས་པ་མ་ཟད། འཕྲལ་ཐག་ཆོད་པའི་བྱ་ཐབས་སྤྱད་དེ་སྨན་དོན་མི་སྣ་དང་ནད་པ་གཞན་གྱི་བདེ་འཇགས་ལ་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་འགན་ལེན་བྱས་ཏེ་སྨན་བཅོས་སྒྲིག་ལམ་སྲུང་སྐྱོང་དང་འབྲེལ་དུས་ཐོག་ཏུ་ཉེན་བརྡ་བཏང་སྟེ་བདེ་འཇགས་འགོག་སྲུང་གི་ལས་དོན་ཡག་པོ་སྒྲུབ་པར་གཞོགས་འདེགས་བྱེད་དགོས་པ་དང་། སྤྱི་བདེ་ལས་ཁུངས་ལ་ཉེན་བརྡ་འབྱོར་རྗེས་དུས་ཐོག་ཏུ་ཉེན་རྟོག་པ་མངགས་ནས་ཐག་གཅོད་གང་མྱུར་བྱེད་དགོས་པ། ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་རིགས་ལ་ཁྲིམས་བཞིན་དུས་ཐོག་ཏུ་གྱོད་དོན་ཐོ་འགོད་དང་མྱུལ་ཞིབ་བྱས་ཏེ་ཕྱོགས་ཡོངས་དང་ཚད་ལྡན་གྱི་སྒོ་ནས་དཔང་རྟགས་ཁུངས་བཙན་བསྡུ་རུབ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

བརྡ་ཐོའི་ནང་གོང་གསལ་གྱི་གནས་ཚུལ་ལ་བརྟེན་ནས་ཉེས་པ་བསགས་རིགས་མི་དམངས་ཞིབ་དཔྱོད་ཁང་གིས་གང་མྱུར་ཞིབ་དཔྱོད་བྱས་ནས་འཛིན་བཟུང་ཆོག་མཆན་སྤྲད་དེ་གཞུང་གཏུག་རྒྱག་དགོས། མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱེད་ཚད་མགྱོགས་སུ་བཏང་ནས་གྱོད་གཞིའི་དོན་དངོས་ཕྱོགས་ཡོངས་ནས་རྩད་གཅོད་བྱས་པའི་རྨང་གཞིའི་ཐོག་བཅའ་ཁྲིམས་ཡང་དག་སྤྱོད་པ་དང་བྱས་ཉེས་གཏན་འཁེལ་དང་ཉེས་ཆད་ཚད་གཞི་གཏན་འཁེལ་འཕྱུགས་པ་མེད་པ་བྱེད་དགོས། ཉེས་གསོག་གི་སྐུལ་སློང་ཐ་ཤལ་དང་། གནས་ཚུལ་ཚབས་ཆེ་བ། བྱེད་ཐབས་གདུག་རྩུབ་ཆེ་བ། རང་སྣང་ངན་གཤིས་ཆེ་བ། མི་ལུས་ལ་ཉེན་ཁ་ཆེན་པོ་བཟོས་པའམ་ཡང་ན་ཉེས་གསོག་བྱེད་སྤྱོད་ཀྱིས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཏང་བ་དང་སྤྱི་ཚོགས་སུ་ཤུགས་རྐྱེན་ངན་པ་བཟོས་རིགས་ཀྱི་གྱོད་ཡར་ཆད་པ་ནན་པོ་གཅོད་དགོས་པ་མ་ཟད། ཉེས་ཆད་ཚབས་ཆེན་གཏོང་དགོས་པའམ་ཡང་ན་སྲོག་ཁྲིམས་གཅོད་པའི་ཆ་རྐྱེན་དང་མཐུན་རིགས་ལ་ཁྲིམས་བཞིན་ཉེས་ཆད་མཐའ་གཅིག་ཏུ་གཅོད་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།