ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་དུས་ཆད་ལྟར་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་ཝང་རོས་ཅེ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་དུས་ཆད་ལྟར་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་ཝང་རོས་ཅེ་ལ་ཁ་པར་བཏང་།

ཧན་ཀྲིན་གྱིས་གསུངས་རྒྱུར། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཐད་འགོག་རྒོལ་ཐད་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་འདོམས་དང་བཀོད་སྒྲིག་བྱས་ཤིང་། ཙུང་ལི་ལིས་ཁི་ཆང་གིས་བྱ་བའི་རེ་བ་བཏོན་པ་དང་། ཀྲུང་གོ་ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གོ་གནས་དང་པོར་བཞག་སྟེ་བྲེལ་མྱུར་དང་གོ་རིམ་ལྡན་པའི་སྒོ་ནས་བྱ་བ་སྒྲུབ་བཞིན་ཡོད། ང་ཚོར་ཐེངས་འདིའི་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པར་ཆོད་སེམས་བརྟན་པོ་ཡོད་ཟེར།

ཝང་རོས་ཅེ་ཡིས་ཀྲུང་གོས་སྤྱད་པའི་བྱེད་ཐབས་ལ་རྒྱབ་སྐྱོར་དང་གཟེངས་བསྟོད་བྱས་པར་མ་ཟད་ཀྲུང་གོས་རིམས་ནད་འགོག་བཅོས་ཐད་ནས་རྒྱལ་ཁ་ལེན་པར་ཡིད་ཆེས་ཡོད།  སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཀའ་སྡུག་མཉམ་སེལ་བྱེད་པ་དང་། དགོས་མཁོ་ཆེ་བའི་སྨན་རྫས་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།