ཀྲུང་གོ་བོད་ཀྱི་དྲ་བ།

ཟླ2ཚེས7ཉིན་གྱི་ཆུ་ཚོད24བར་གྱི་རྒྱལ་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས7ཉིན་གྱི་ཆུ་ཚོད0ནས24བར་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུའི་ནང་། གསར་ཏུ་གཏན་འཁེལ་བྱས་པའི་ནད་དཔེ3399(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ2841)ཇེ་མང་དུ་ཕྱིན་པ་དང་། ནད་དཔེ་ཚབས་ཆེན1280(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ1193)ཇེ་མང་དུ་ཕྱིན། ནད་ཀྱིས་ཤི་བའི་ནད་དཔེ86(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ81དང་ཧེ་ལུང་ཅང་ལ་ནད་དཔེ2། ཧི་ནན་དང་ཀན་སུའུ་གཉིས་ལ་ནད་དཔེ1རེ)ཇེ་མང་དུ་ཕྱིན།  དོགས་ཡོད་ནད་དཔེ4214(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ2073)མང་དུ་ཕྱིན་པ་རེད།

ཉིན་དེར་སྨན་ཁང་ནས་ཕྱིར་བུད་པའི་ནད་དཔེ510(ཧུའུ་པེ་ཞིང་ཆེན་ལ་ནད་དཔེ298)ཇེ་མང་དུ་ཕྱིན་ལ། འབྲེལ་འདྲིས་ཟབ་པའི་མི26702གསོ་རིག་ལྟ་ཞིབ་ལས་གྲོལ་བ་རེད།

ཟླ2པའི་ཚེས7ཉིན་གྱི་ཆུ་ཚོད24བར་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ནས་སྙན་ཞུ་འབྱོར་བ་ལྟར་ན། རིམ་རྩིས་བྱས་ན་གཏན་འཁེལ་བྱས་པའི་ད་ཡོད་ཀྱི་ནད་དཔེ31774ཡོད(དེའི་ཁྲོད་ནད་དཔེ་ཚབས་ཆེན6101)། རིམ་རྩིས་བྱས་ན་སྨན་ཁང་ནས་ཕྱིར་བུད་པའི་ནད་དཔེ་བསྡོམས་པས2050ཡོད་པ་དང་།   རིམ་རྩིས་བྱས་ན་ནད་ཀྱིས་ཤི་བའི་ནད་པ722དང་།  རིམ་རྩིས་བྱས་ན་གཏན་འཁེལ་བྱས་པའི་ནད་དཔེ34546(ཧེ་ལུང་ཅང་ཞིང་ཆེན་ལ་ནད་དཔེ14ཇེ་ཉུང་དུ་ཕྱིན)དང་།  ད་ལྟ་དོགས་ཡོད་ནད་དཔེ27657ཡོད་པ་རེད། རིམ་རྩིས་བྱས་ན་ནད་པ་དང་འབྲེལ་འདྲིས་ཟབ་པའི་མི345498ལ་རྗེས་སྙེག་ཐུབ་པ་བྱུང་བ་དང་། འབྲེལ་འདྲིས་ཟབ་པའི་མི189660ལ་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་སྒང་རེད།

 རིམ་རྩིས་བྱས་ན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་གཏན་འཁེལ་བྱས་པའི་ནད་དཔེ52འབྱོར་བ་སྟེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ལ་ནད་དཔེ26(ནད་ཀྱིས་ཤི་བའི་ནད་དཔེ1ཡོད)དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་ནད་དཔེ10(སྨན་ཁང་ནས་ཕྱིར་བུད་པའི་ནད་དཔེ1)། ཐའེ་ཝན་ས་ཁུལ་ལ་ནད་དཔེ16(སྨན་ཁང་ནས་ཕྱིར་བུད་པའི་ནད་དཔེ1)བཅས་ཡོད་པ་རེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།