ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཁག་གི་བཀོད་སྒྲིག་ལྟར། དམིགས་ཡུལ་ཡོད་པའི་སྒོ་ནས་འགོག་བཅོས་བྱ་བར་ཤུགས་སྣོན་དགོས། དེང་སྐབས་མུ་མཐུད་དུ་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་འགོག་བཅོས་བྱ་བ་དམ་འཛིན་བྱེད་དགོས། ཝུའུ་ཧན་གྲོང་ཁྱེར་གྱིས་མུ་མཐུད་དུ་བྱེད་ཐབས་སྣ་མང་བརྒྱུད་དེ་ནད་ཁྲི་འདོན་སྤྲོད་དང་སྨན་བཅོས་མི་སྣ་ཇེ་མང་དུ་གཏོང་དགོས་པ་དང་། ཧུའུ་པེ་ཞིང་ཆེན་གྱི་ས་ཁུལ་གཞན་དག་ནས་སྦས་ཤུགས་སྔོག་འདོན་དང་སྨན་ཁང་གསར་འཛུགས་བྱེད་པ་སོགས་བརྒྱུད་དེ་ནད་ཁྲི་ཇེ་མང་དུ་གཏོང་དགོས་ལ། ཞིང་ཆེན་བཅུ་དྲུག་གི་ཁ་གཏད་རོགས་སྐྱོར་རྩ་འཛུགས་བྱས་ཏེ་སྨན་བཅོས་སྟོབས་ཤུགས་ཇེ་ཆེར་གཏོང་དགོས་པར་མ་ཟད་མུ་མཐུད་ནས་སྨན་བཅོས་འགོག་སྲུང་དངོས་རྫས་འགན་སྲུང་བྱ་བ་དམ་འཛིན་བྱེད་དགོས་ཟེར།

ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་དུས་ཐོག་ཏུ་འགོག་བཅོས་བྱ་བའི་ཁྲོད་ཀྱི་འབུར་ཐོན་གནད་དོན་ལ་མཐུན་སྦྱོར་ཐག་གཅོད་བྱེད་པ་དང་། དམིགས་ཡུལ་ཡོད་པའི་སྒོ་ནས་རྗེས་མཐུད་བྱ་བར་ཞིབ་འཇུག་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་སྡུག་མཉམ་སེལ་བྱེད་པ། ཚན་རིག་དང་མཐུན་པར་འགོག་བཅོས་བྱེད་པ། གནད་ཕིགས་སྲིད་ཇུས་ལག་བསྟར་བྱས་ཏེ། རྦད་ཆོད་སྒོས་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།