ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་དོན་པུའུ་ཡིས་བརྗོད་དོན་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་རོགས་རམ་བྱས་ནས་རིམས་ནད་ལ་ཁ་གཏད་བཅག་སྟེ་དཀའ་ངལ་སེལ་བ་དང་གྱོང་གུན་ཆུང་དུ་གཏོང་དགོས།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས5ཉིན། ཚོང་དོན་པུའུ་གཞུང་དོན་ཐིང་གིས《ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་རོགས་རམ་བྱས་ཏེ་རིམས་ནད་ལ་ཁ་གཏད་བཅག་ནས་དཀའ་ངལ་སེལ་བ་དང་གྱོང་གུན་ཆུང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད། 

《བརྡ་ཐོ》ནང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་སྒྲུབ་པ། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་དཔལ་འབྱོར་གྱི་གྱོང་གུན་ཆུང་དུ་གཏོང་བར་རོགས་རམ་བཅས་བྱ་ཆེད། ཚོང་དོན་པུའུ་ཡིས་འཁེལ་འཐག་དང་། ཡང་བའི་བཟོ་ལས། གཏེར་རྫས་སྣ་ལྔ། ས་ཞིང་། འཕྲུལ་གློག སྨན་བཅོས་འགན་བཅོལ་བཅས་ཚོང་ཚོགས་དྲུག་ལ་མཛུབ་ཁྲིད་བྱས་ནས་ངོ་སྤྲོད་ཡི་གེ་འབྲི་བ་དང་། བཅའ་ཁྲིམས་ཀྱི་བློ་འདྲི། འགྲེམས་ཞུགས་མཐུན་སྦྱོར། མཁོ་འདོན་འབྲེལ་མཐུད་སོགས་ཀྱི་འབྲེལ་ཡོད་ཞབས་ཞུ་ནུས་ཤུགས་ཡོད་རྒུས་བསྒྲུབ་རྒྱུ་ཡིན་པ་བསྟན་ཡོད།

《བརྡ་ཐོ》ནང་། ས་གནས་ཁག་གི་ཚོང་དོན་གཙོ་འགན་དོ་དམ་སྡེ་ཚན་གྱིས་བསམ་བློ་གཅིག་གྱུར་དང་ཚུགས་གནས་མཐོ་རུ་བཏང་སྟེ། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་རོགས་རམ་བྱས་ནས་རིམས་ནད་ལས་དོན་ལ་ཁ་གཏད་གཅོག་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བྱ་སྤྱོད་ཧུར་ཐག་སྤེལ་བ་དང་རང་འགུལ་ངང་ལས་དོན་བསྒྲུབས་ཏེ་ནུས་ཤུགས་ཡོད་རྒུས་ཁེ་ལས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་དང་འབྲེལ་ཡོད་གནད་དོན་དུས་ཐོག་ཏུ་གོང་ཞུ་བྱེད་དགོས། ཚོང་དོན་པུའུ་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ས་གནས་ཁག་གི་ཚོང་དོན་གཙོ་འགན་དོ་དམ་སྡེ་ཚན་དང་། ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཚོགས། ཕྱི་ཕྱོགས་ཚོང་དོན་ཁེ་ལས་བཅས་དང་ཕྱར་བ་གྲུ་འདེགས་དང་འགག་སྒྲོལ་དཀའ་སེལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།