ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཡོངས་བསྒྲགས་བྱས་ནས་གཙོ་གནད་ལས་འགན་ཁག་གཉིས་བཏོན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དུས་རབས21ཚུན་དུ“ཞིང་གསུམ”ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཐེངས17པ་ཚེས་5ཉིན་ཞིན་ཧྭ་གསར་འགྱུར་ཁང་གིས་དབང་ཆ་ཐོབ་པ་ལྟར་ཡོངས་བསྒྲགས་བྱས་པ་རེད།

ཡིག་ཆ་དེ《“ཞིང་གསུམ”ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་དུས་བཀག་ལྟར་ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་མངོན་འགྱུར་ཡོང་བ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ཞེས་པ་འགོ་བརྗོད་དུ་བྱས་ཤིང་། བསྡོམས་ཆ་ཤས་5ཡོད་པའི་ནང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་ཚད་གཞིར་བཟུང་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གང་མགྱོཌ་སེལ་བ། ཞིང་ཞོར་ཐོན་ཟོག་གལ་ཆེན་མཁོ་འདོན་ནུས་ལྡན་ལ་འགན་ལེན་དང་ཞིང་པར་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་ཞན་ཆ་སེལ་བའི་འགན་ལེན་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་ཚུད་ཡོད། 

ཡིག་ཆའི་ནང་། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་གྱི་ལོ་ཞིག་དང་། ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་མཇུག་བསྡུའི་ལོ་ཞིག་ཡིན་པས། ཏང་ཀྲུང་དབྱང་གིས་གོང་གསལ་གྱི་དམིགས་ཚད་ལས་འགན་ཁག་གཉིས་པོ་ལེགས་སྒྲུབ་བྱེད་པར། དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མཇུག་གི་མཁར་རྫོང་ངེས་པར་དུ་གཏོར་དགོས་པ་དང་། ཕྱོགས་ཡོངས་འབྱོར་འབྲིང་གི“ཞིང་གསུམ”ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་ཞན་ཆ་ངེས་པར་དུ་གསབ་དགོས་པའི་ངོས་འཛིན་གནང་གི་ཡོད་ལུགས་བསྟན་ཡོད།

ཡིག་ཆའི་ནང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་དང་ཡང་ཡང་བསྡུར་ནས་བྱ་ཐབས་ལ་ཤུགས་སྣོན་དང་། དོན་འཁྱོལ་ལ་དམ་འཛིན། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་འབྱོར་འབྲིང་གི“ཞིང་གསུམ”ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་ཞན་ཆ་གསབ་པའི་གཙོ་གནད་ལས་འགན་གཉིས་ལེགས་གྲུབ་ཡོང་བ་བྱེད་དགོས། ཞིང་ལས་ཀྱི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་དང་ཞིང་པའི་འབབ་འཕར་ལ་རྒྱུན་མཐུད་ནས་དམ་འཛིན་ཡག་པོ་བྱས་ཏེ་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ། ཞིང་པ་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བདེ་བླག་ངང་མཇུག་བསྡུ་ཐུབ་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགན་ལེན་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད།

ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་དམིགས་ཚད་ལས་འགན་ཆེན་པོ་གཉིས་ལེགས་སྒྲུབ་བྱེད་པར་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མཇུག་གི་མཁར་རྫོང་ཁག་གཅིག་ངེས་པར་དུ་གཏོར་དགོས། ཕྱོགས་ཡོངས་འབྱོར་འབྲིང་གི“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་ཁག་གཅིག་ངེས་པར་དུ་གསབ་པ་དང་། རྒྱལ་ཕྱི་རྒྱལ་ནང་གི་ཉེན་ཁ་དང་འགྲན་སློང་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་དང་དཔལ་འབྱོར་འཕར་ཤུགས་ཆག་པའི་གནོན་ཤུགས་ཆེ་བའི་རྙོག་འཛིང་དུས་བབ་ཀྱི་མདུན་དུ་ཞིང་ལས་ཀྱི་རྨང་གཞི་བརྟན་པོ་ཡོང་བ་བྱེད་པ་དང“ཞིང་གསུམ”གྱི་གནོན་རྡོའི་ནུས་པ་འདོན་སྤེལ་བྱ་རྒྱུ་གལ་འགངས་ཧ་ཅང་ཆེན་པོ་ཡིན་པས་སྲིད་ཇུས་དོན་ཚན་རེ་རེ་བཞིན་ངེས་པར་དུ་དོན་འཁྱོལ་ཡོང་བར་དམ་འཛིན་ཡག་པོ་བྱས་ནས་དུས་བཀག་ནང་ལས་འགན་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།